国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月27日

ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱི་མི་གསོད་གྱོད་དོན་འགག་སྒྲོལ་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས23ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་མི་གསོད་གྱོད་དོན་འགག་སྒྲོལ་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཡོད།

ཝང་ཡ་ཏུང་གིས་ཚོགས་འདུར་གཙོ་སྐྱོང་ཞུས་པ་དང་། ལི་ཧྲེ་ཅང་དང་། ལི་པིན། ཀྲང་ཝུན་ཧྲེང་། ཅཱ་ཤིན་ཡུས། ཏེང་ཝུན་ཁྲང་། ཀྲའོ་ཅན་གོ ཝུའུ་ཅན། ཅང་ཅན་ཕིང་བཅས་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། འདི་ལོའི་གྲོང་ཁྱེར་ཡོངས་ཀྱི་མི་གསོད་གྱོད་དོན་འགག་སྒྲོལ་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བའི་ཁར། འབྲེལ་ཡོད་རྫོང(ཆུས)དང་སྤྱི་བདེ། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་བཅས་ཀྱིས་ཇི་ལྟར་བྱས་ནས་མི་གསོད་གྱོད་དོན་འགོག་ཟོན་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་སྙན་སེང་ཞུས་ཡོད།

ཀུང་ཧུའེ་ཚའེ་ཡིས་འདི་ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་གོང་འོག་དང་ལྷག་པར་དུ་སྲིད་ཁྲིམས་ཁོངས་གཏོགས་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོས་མི་དམངས་དང་ཚེ་སྲོག་གུང་དུ་བཀུར་བར་མཐའ་འཁྱོངས་བྱས་ཏེ་གྲོང་ཨུད་ཀྱི“མི་གསོད་གྱོད་དོན་འགག་སྒྲོལ་ལོའི”བཀོད་སྒྲིག་ལྟར་མི་གསོད་གྱོད་དོན་འགོག་བཅོས་བྱ་རྒྱུ་དང་སྤྱི་ཚོགས་ཡོངས་ལ་བདེ་འཇགས་ཡོང་ཐབས། དུས་བདེ་ལེགས་འཁྱོངས་སོགས་ཟུང་འབྲེལ་བྱས་ནས་ལས་དོན་འབོར་ཆེན་བསྒྲུབས་པ་དང་དཀའ་སྤྱད་དུ་མ་ཁྱད་དུ་བསད་ཡོད་ཅེས་བསྟན་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད།)ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སྡེ་ཚན་ཁག་གིས་མིག་སྔར་འཕྲད་པའི་དུས་བབ་ལ་ངོས་འཛིན་གང་ལེགས་བྱས་ནས་མི་གསོད་གྱོད་དོན་འགོག་ཟོན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་དགོས་པ་དང་། བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ་དེ་བས་མཐོ་བའི་སྒོ་ནས་འགག་སྒྲོལ་ལ་དམ་འཛིན་བྱེད་དགོས། ལས་ཀའི་བྱེད་ཐབས་ཞིབ་ཚགས་བཟོས་ཏེ་འགག་སྒྲོལ་ལ་དམ་འཛིན་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་ཚུལ་ལེགས་པོ་ལ་བརྟེན་ནས་འགག་སྒྲོལ་ལ་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཝང་ཡ་ཏུང་གིས་ཚོགས་འདུར་གཙོ་སྐྱོང་གནང་སྐབས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་ཆབ་སྲིད་ཀྱི་ཚུགས་གནས་ཆེ་རུ་གཏོང་བ། གྲོང་ཨུད་ཀྱི“མི་གསོད་གྱོད་དོན་གྱི་འགག་སྒྲོལ་ལོའི”དུས་བབ་ལ་སྟངས་འཛིན་ཡང་དག་བྱེད་པ། བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། ལས་ཀའི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། སྟོབས་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ཞན་ཆ་སེལ་བ། དོགས་ཟོན་བྱ་ཐབས་དོན་འཁྱོལ་བཅས་བྱེད་དགོས། དེ་བཞིན་གྲོང་ཨུད་ཀྱི“མི་གསོད་གྱོད་དོན་གྱི་འགག་སྒྲོལ་ལོའི”ལས་དོན་བཀོད་སྒྲིག་དང་དམིགས་ཚད་བླང་བྱར་དམིགས་ཏེ་ཕྱོགས་གཅིག་ནས་འགོག་ཟོན་དང་ཕྱོགས་གཅིག་ནས་འགག་སྒྲོལ་ལ་དམ་འཛིན་གྱིས་དམ་འཛིན་མཐར་ཕྱིན་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ཡག་པོར་བྱས་ཏེ་གྲོང་ཁྱེར་ཡོངས་བརྟན་ལྷིང་ཡོང་བའི་སྤྱི་དོན་ལ་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་ཡོད།