国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月27日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་གཞུང་དོན་ཁང་གི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོངས་ གཏོགས་ཏང་ཀྲི་པུའི་སློབ་སྦྱོང་ཚོགས་འདུར་ཞུགས་པ།

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་གཞུང་དོན་ཁང་གི་ལས་བྱེད་ལས་བཟོ་པ་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བརྗོད་དོན་གཙོ་བོའི་སློབ་གསོ་དང་སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་གཉིས་པའི་སྐོར་གཟིགས་ཀྱི་ཚུར་ལེན་བསམ་འཆར་གྱི་འབྲེལ་ཡོད་བླང་བྱར་གཞིགས་ནས། 10ཚེས་23ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་གཞུང་དོན་ཁང་གི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་ཉིད་གནས་སའི་ཏང་ཀྲི་པུའི་སློབ་སྦྱོང་ཚོགས་འདུར་ཞུགས་པ་རེད། (པར་ངོས་གསུམ་པར་གཟིགས)

ཀུང་ཧུའེ་ཚའེ་སྔ་རྗེས་སུ་གྲོང་ཨུད་ལྟ་ཞིབ་ཁང་དང་། དྲུང་ཡིག་ཁང་། སྤྱི་ཁྱབ་ལས་རེས་ཁང་། སྤྱོད་ཚུལ་གཞུང་དོན་ཁང་བཅས་སུ་ཕེབས་ནས་ལས་བྱེད་ལས་བཟོ་པར་ཕྱག་བཏང་གནང་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཡོད།

གྲོང་ཨུད་གཞུང་དོན་ཁང་ལས་ཁུངས་ཏང་ཨུད་ཀྱི་ཏང་ཀྲི་པུའུ་དང་པོའི་སློབ་སྦྱོང་ཚོགས་འདུའི་ཐོག ཀྲི་པུའུ་ཧྲུའུ་ཅི་ཡིས་ཀྲི་པུའུ་དང་པོའི་གཞི་རྩའི་གནས་ཚུལ་དང་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་བརྡ་ཁྱབ་བཏང་ཞིང་། ཏང་ཡོན་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་དུས་རབས་གསར་པའི་གཞུང་དོན་ཐིང་གི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཁོངས་གཏོགས་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་ལ་མཉམ་དུ་སློབ་སྦྱོང་བྱས་པ་དང་། ཏང་ཡོན་འཐུས་མིས་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་ཡོད།

ཀུང་ཧུའེ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་དོན་ཐིང(ཁང)ལ་ཚད་མཐོའི་མཐོང་ཆེན་དང་། ལས་གནས་མི་འདྲ་བའི་ཐོག་གཞུང་དོན་ཐིང(ཁང)གི་ལས་དོན་ཐད་རྒྱས་བཤད་གནད་ལ་འཁེལ་བ་གནང་ཡོད། ལྷག་པར་དུ་འདི་ལོའི་ཟླ་9པར་དུས་རབས་གསར་པའི་གཞུང་དོན་ཐིང་གི་ལས་དོན་ཐད“ ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འགན་འཁྲི་དོན་འཁྱོལ”བཅས་ཀྱི་མཛུབ་སྟོན་གལ་ཆེན་གནང་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་དུས་རབས་གསར་པའི་གཞུང་དོན་ཐིང་གི་ཆབ་སྲིད་བླང་བྱ་དང་། འགན་འཁྲི་གཙོ་བོ། ལས་ཀའི་ཚད་གཞི། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་རྩ་བའི་ཞབས་ཞུའི་སྤུས་ཚད་གལ་ཆེན་རབ་དང་རིམ་པའི་གནད་དོན་གལ་ཆེན་ལ་ལན་བཏབ་ཡོད། དེ་ནི་ཞབས་འདེགས་གསུམ་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་ཡིན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དོན་གཅོད་ཐིང་དུ་བརྟག་ཞིབ་གནང་སྐབས“ཤུགས་སྣོན་རྒྱག་དགོས་པ་དྲུག”དང“དཔེ་བཟང་ལས་ཁུངས་དྲུག”གི་བླང་བྱ་གསལ་པོ་བཏོན་གནང་ནས་གཞུང་ལས་ཁང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ནུས་ལྡན་གནང་ཡོད། གྲོང་ཨུད་གཞུང་ལས་ཁང་ནི་ཆབ་སྲིད་ལས་ཁུངས་ཨང་དང་པོ་ཡིན་པའི་ཆ་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མ་ལག་དང་། སྲོག་ཤིང་གི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་གཞུང་ལས་ཐིང་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་“རྒྱུན་འཁྱོངས་ལྔ་”ཡི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་། སྔོན་ལ་བརྩོན་ལེན། མདུན་གྲལ་དུ་སྐྱོད་པ། མིག་དཔེ་ཡག་པོ་སྟོན་པ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད། གཅིག་ནས་བློ་དཀར་ཟོལ་མེད་ཀྱི་ཆབ་སྲིད་གཤིས་རྒྱུད་མཐའ་འཁྱོངས་བྱས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་དཔེ་བཟང་གི་ཚད་གཞི་མཐའ་གཅིག་ཏུ་བྱེད་དགོས། གཉིས་ནས་ཚད་མཐོའི་རང་རྟོགས་ཀྱི་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་དཔེ་བཟང་གི་དཔེ་སྟོན་མཐའ་གཅིག་ཏུ་བྱེད་དགོས། གསུམ་ནས་འགན་འཁྲི་ཆེན་པོ་འཁུར་བའི་ལས་ཀའི་སྤྱོད་ཚུལ་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་འགྱུར་ལྡོག་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་དཔེ་བཟང་གི་ཚད་གཞི་མཐའ་གཅིག་ཏུ་བྱེད་དགོས། བཞི་ནས་འགྱོད་པ་སྤུ་ཙམ་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་པའི་དཔེ་བཟང་གི་ཚད་གཞི་མཐའ་གཅིག་ཏུ་བྱེད་དགོས། ལྔ་ནས་སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་རང་བཀུར་བྱེད་པ་དང་། སྤྱོད་གཙང་གཞུང་དྲང་གི་དཔེ་སྟོན་ཚད་གཞི་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན།

ཀུང་ཧུའེ་ཚའེ་ཡིས་དྲུང་ཆེན་ཚན་ཁག་གིས་གཞུང་ལས་ཁང་གི་ལས་བྱེད་པ་དང་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ནས་ལས་བྱེད་པ་དང་ལས་བཟོའི་ངལ་གསོ་འགན་ལེན་བྱེད་དགོས་པ་དང་། རྩ་དོན་དང་མི་འགལ་བའི་གནས་ཚུལ་འོག བློ་གཅིག་སེམས་གཅིག་གིས་དཀའ་ངལ་སེལ་རོགས་བྱེད་དགོས། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བེད་སྤྱོད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། དར་ཆ་གསལ་སྟོན་ངང་གྲུབ་འབྲས་དངོས་ལ་སྣང་ཆེན་དང་དངོས་སྒྲུབ་ལ་སྣང་ཆེན་བྱེད་པའི་མི་བེད་སྤྱོད་ཀྱི་སྟོན་ཕྱོགས་བཙུགས་ནས་རིམ་པ་བཞིན་ལས་སྒོའི་རྐང་འཛིན་པ་དང་གཞོན་ནུ་ཤེས་ལྡན་པ་སྔར་ལས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེན་ཅཱ་ཤིན་ཡུས་ཚོགས་འདུར་ཞུགས་ཡོད།