国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月27日

ཀུང་ཧུའེ་ཚའེ་ཆབ་མདོ་གྲོང་ཁྱེར་གཞི་རིམ་བཅོས་སྐྱོང་ཡུལ་དངོས་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

ཀུང་ཧུའེ་ཚའེ་ཡིས་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་ལྕགས་གླིང་གྲོང་ཚོ་རུགཞི་རིམ་བཅོས་སྐྱོང་སྤེལ་ཚུལ་ལ་གཟིགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས25ཉིན་ཆབ་མདོ་གྲོང་ཁྱེར་གཞི་རིམ་བཅོས་སྐྱོང་ཡུལ་དངོས་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལས་ཀར་ལེགས་འགྱུར་ཆེ་མོ་དང་འགྱུར་ལྡོག་ཆེ་མོ་འབྱུང་བར་སྐུལ་སྤེལ་བཏང་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་ཡོད།

ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་གཞོན་པ་དོན་གྲུབ་ཚོགས་འདུར་མཛུབ་ཁྲིད་གནང་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད།)ཡུལ་དངོས་ཚོགས་འདུ་ཡིས་ཡུལ་དངོས་ལྟ་སྐོར་དང་ཉམས་མྱོང་བརྗེ་རེས་བྱེད་པའི་ཚོགས་འདུ་འཚོགས་པ་ཟུང་འབྲེལ་བྱས་པ་དང་། ཚོགས་འདུར་ཞུགས་མཁན་སྔ་རྗེས་སུ་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་ལྕགས་གླིང་གྲོང་ཚོ་དང་། རུ་བཞི་ཤང་མདའ་རོ་གྲོང་ཚོ། ཁྲེང་ཀོན་གྲོང་རྡལ་ཆོས་ཁྲི་མེ་ཏོག་ལྡུམ་རའི་ཁུལ་ཆུང་བཅས་སུ་སོང་ནས་གཞི་རིམ་བཅོས་སྐྱོང་བྱེད་ཚུལ་ལ་ལྟ་སྦྱོང་བྱས་པ་རེད།

ཉམས་མྱོང་སྤེལ་རེས་ཚོགས་འདུའི་ཐོག་ཁ་རུབ་ཆུས་དང་། སྨར་ཁམས་རྫོང་རོང་སྨད་གྲོང་རྡལ། དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་སྲིན་མཁར་སྡེ་ཁུལ། བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་འདམ་མཛོ་གྲོང་ཚོ། སྟེང་ཆེན་རྫོང་སྟེང་ཆེན་དགོན་བཅས་ཀྱི་འཐུས་མིས་རིམ་པ་བཞིན་སྤེལ་རེས་གཏམ་བཤད་བྱས་པ་རེད།

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱིས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ལ་དོགས་ཟོན་དང་། ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་གི་རྨང་རྡོ་མུ་མཐུད་བརྟན་དུ་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བའི་ལག་བསྟར་བསམ་འཆར་བཟོས་ནས་རྫོང(ཆུས)བཅུ་གཅིག་ཏུ་ཤང་གྲོང་22བདམས་ཏེ་ཚོད་ལྟའི་ཉམས་མྱོང་གསོག་འཇོག་བྱས་ནས་ཚོགས་འདུ་ཐེངས་མང་འཚོགས་ཏེ་ལས་དོན་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཆབ་མདོའི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད་ཞེས་བསྟན།

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་གཞི་རིམ་བཅོས་སྐྱོང་ཟབ་སྤེལ་བྱེད་པའི་དོན་སྙིང་གལ་ཆེན་དང་ཤིན་ཏུ་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་གནད་དོན་ལ་མཐོང་ཆེན་བྱེད་ཚད་མི་འདང་བ་དང་སྔོན་ཐོན་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། གཅིག་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས།

གཉིས་ནས་རང་སྐྱོང་རྨང་བརྟན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས།

གསུམ་ནས་ཁྲིམས་སྐྱོང་གི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་གི་སྤྱི་ཚོགས་བསྐྲུན་དགོས།

བཞི་ནས་སྤྱོད་བཟང་གིས་སྐྱོང་བ་དང་སློབ་གསོ་བཏང་ནས་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་པོ་འཛུགས་རྒྱུར་སྣང་ཆེན་བྱེད་དགོས།

ལྔ་ནི་རིག་ནུས་བཅོས་སྐྱོང་གི་འདེགས་སྐྱོར་ལེགས་སུ་བཏང་ནས་བཅོས་སྐྱོང་གི་ལས་ཕྱོད་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུ་བརྙན་འཕྲིན་ཁ་པར་ལམ་ནས་འཚོགས་ཤིང་། གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་རྫོང(ཆུས)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད། གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་འགན་འཁུར་བློ་མཐུན་དང་། རྫོང(ཆུས)བཅུ་གཅིག་གི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཤང(གྲོང་རྡལ)དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འཐུས་མི་ཁག་གཅིག་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད།