国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月27日

རྫ་ཆུའི་ངོགས་ཀྱི་གནའ་བོའི་ཚྭ་ཞིང་།

སྨར་ཁམས་རྫོང་འཇང་མི་རིགས་ཤང་དེ་ཉིད་རྫ་ཆུའི་འགྲམ་དུ་གནས་ཤིང་། ཡུལ་དེས་ཐང་རྒྱལ་རབས་དུས་ནས་བཟུང་ཚྭ་བཟོ་འགོ་ཚུགས་པ་དང་ད་བར་ལོ་1300ལྷག་ཙམ་རྒྱུན་མཐུད་ཡོད། རྫ་ཆུའི་ངོགས་གཉིས་ཀྱི་རི་གཤམ་དུ་ཚྭ་ཞིང་བསྐྲུན་པ་དང་ཤིང་གི་སྒྲོམ་སྟེང་ཆུ་སིམ་ཤུགས་ཆེ་བའི་འདམ་བག་ཁོད་སྙོམས་པོ་བཏིང་ཡོད། རྒྱང་ནས་བལྟས་ཚེ་ཚྭ་ཞིང་གི་བཀོད་པ་ལེགས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་འདུག འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་གྲོང་མིས་ཚྭ་ཞིང་དུ་ལས་ཀ་བྱེད་བཞིན་པ།