འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། འཇོ་མདའ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་ལ་བཅའ་སྡོད་ཁུལ་གྱི་གྲོང་མིའི་ཆུ་ཀ་ལའི་མདོང་ལམ་ནས་ཆུ་ཤོར་གྱི་འདུག་པས་མྱུར་དུ་བཟོ་རོགས་ཞེས་པའི་རོགས་སྐྱོབ་ཁ་པར་འབྱོརབ་དང་འཕྲལ་མར་ནགས་ཚལ་མེ་ཟོན་རུ་མི་ཁ་ཤས་མངགས་ཏེ་ས་ཆ་དངོས་སུ་སྐྱོད་ནས་མདོང་ལམ་མྱུར་དུ་བཟོས་པ་རེད།
ས་ཆ་དངོས་སུ་འབྱོར་རྗེས། མེ་ཟོན་རུ་མིས་ཆུ་ཀ་ལའི་མདོང་ལམ་ནས་ཆུ་ཤོར་བའི་རྒྱུ་རྐྱེན་མྱུར་དུ་བཙལ་ནས་ལམ་སེང་གཅུས་གཟེར་སྒྲིམ་པ་དང་། བྱེ་རྡོ་གཤོང་བ། འཁྱིལ་ཆུ་འཐེན་པ་སོགས་ཀྱི་ལས་ཀ་ཚགས་ཚུད་པོས་བསྒྲུབས་པ་དང་། ཆུ་ཚོད་4ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་ཆུ་བཀག་ཐུབ་པ་རེད།
ཤེས་རྟོཌ་བྱུང་བར་གཞིགས་ན། འཇོ་མདའ་རྫོང་ཐང་ཕུ་ཤང་དུ་ཉེ་དུས་དྲོད་ཚད་གློ་བུར་དུ་ཆག་པ་དང་བསྟུན་མདོང་ལམ་རྙིང་པ་ནས་ཆུ་ཤོར་ཏེ་བཅའ་སྡོད་ཁུལ་གྱི་གྲོང་མི་དུད་ཚང་90ལྷག་ཙམ་ལ་ཉིན་མང་པོར་ཆུ་ཆད་ནས་ཁྱིམ་ཚང་གི་འཐུང་ཆུར་དཀའ་ངལ་ཆེ་ཙམ་འཕྲད་པ་རེད།