འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། ཟླ་10ཚེས་19ཉིན་གྲོང་ཨུད་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཁོངས་གཏོགས་ཀྱི་ཚན་པ་13ནས་ཡོང་བའི་མི་100ལྷག་ཙམ་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག གྲོང་ཨུད་ཏང་གི་སློབ་གྲྭའི་མར་ལེ་དང་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་ཁང་གི་ཀྲུའུ་རེན་འཆད་ཁྲིད་དགེ་རྒན་ཆེ་མོ་བ་པའེ་ཡིན་ཁྲོན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་ནང་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་དང་གནད་འཁེལ་ངང་ཁོང་དུ་ཆུད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ཁག་གསུམ་གསར་རྩོམ་བྱས་པ་བཅས་ཀྱི་ཐོག་ནས་ཚོགས་ཞུགས་མི་སྣར་འགོ་བརྗོད་དུ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ལེའུ་རྩོམ་དགོས》ཅེས་པའི་ཆེད་དོན་སློབ་ཁྲིད་གནང་བ་རེད། སྙན་ཞུ་ཧྲིལ་པོར་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པ། གོ་རིམ་གསལ་བ། གཙོ་གནད་མངོན་གསལ་དོད་པ་བཅས་ཡོད་པས་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། ལག་ལེན་གྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། སྒྲོག་འགྲེལ་བྱེད་སྐབས་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད།
ཚང་མས་སློབ་སྦྱོང་གི་ཕན་འབྲས་དེ་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་ཏན་ཏིག་བསྒྱུར་ནས་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་པའི་རྣམ་འགྱུར་ཐོག་ནས་བྱས་རྗེས་གསར་པ་དང་དུས་རབས་གསར་པ་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།