国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月24日

བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས། ཞབས་ཞུའི་དམངས་སེམས་དྲོ་སྐྱིད་སྦྱིན།

——གྲོང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་ལས་འཁྱུར་ངལ་གསོ་རྒྱག་མཁན་སྨན་བཅོས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་དགུ་པའི་ཚེས་དགུའི་དུས་ཆེན་ལ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་19ཉིན་གྱི་སྔ་དྲོ། གྲོང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་ལས་བྱེད་དང་ལས་བཟོ་པ་དང་སྨན་རྩིས་ཁང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་སྨན་བཅོས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཁ་རུབ་ཆུས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་བརྗོད་དོན་གཙོ་བོའི་སློབ་གསོའི་མང་ཚོགས་ལ་ཞབས་ཞུ་སྤེལ་བ་དང་དགུ་བའི་ཚེས་དགུའི་དུས་ཆེན་ལ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོའང་སྤེལ་བ་རེད།

ཁ་རུབ་ཆུས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ལས་འཁྱུར་ངལ་གསོ་རྒྱག་མཁན་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ངང་རྒྱུད་རིང་པོས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ལ་བདེ་ཐང་ཤེས་བྱ་དང་ནད་འགོག་གི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་དང་། རྒན་རྒོན་གྱི་རྒྱུན་མཐོང་ནད་རིགས་ཀྱི་ཐོག་མའི་ནད་རྟགས་དང་རྒྱུན་གཏན་གྱི་འཚོ་བའི་ནང་ཇི་ལྟར་འགོག་བཅོས་བྱེད་དགོས་མིན་སོགས་ཀྱི་གནད་དོན་ཐད་འགྲེལ་བཤད་བརྒྱབ་པ་རེད། རྒན་རྒོན་མི་རེ་ངོ་རེར་ཁྲག་ཤེད་ལྟ་བ་དང་རྩ་ལྟ་བ་སོགས་ཀྱི་ནད་དཔྱད་ཞིབ་ཚགས་བྱས་པ་མ་ཟད། ནད་པར་བོད་སྨན་སྦྱིན་པ་དང་ཚན་རིག་དང་མཐུན་པའི་ལུས་ཟུངས་གསོ་བ་དང་། ལུས་ཁམས་བདེ་སྲུང་། སྨན་བཅོས་བཅས་ཀྱི་གྲོས་འགོ་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོའི་ནང་ཁྱོན་བོད་སྨན་སྣ་ཁ་50ལྷག་ཙམ་སྤྲོད་ཡོད་པ་དང་སྒོར་15000ལྷག་རི་ཡོད་པ་རེད།