国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月24日

ཆབ་མདོ་གྲོང་ཁྱེར་གྱིས་ཤང་གྲོང་ཏང་འཛུགས་སྐྱོང་ལས་དོན་གྱི་ས་གནས་ས་ཐོག་ཏུ་ལྟ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྫོང(ཆུས)དང་ཤང(གྲོང་རྡལ)དབར་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས། ཟླ་10ཚེས་22ཉིན་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་དུ་2023ལོའི་ཤང་དང་གྲོང་རྡལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་གཞོན་པ་དོན་གྲུབ་(ཡུལ་དངོས་སུ་ལྟ་སྦྱོང་བྱེད་ས)ཚོགས་འདུར་ཕེབས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝང་ཡ་ཏུང་གིས་དང་ཐོག་གྲོང་ཁྱེར་དེ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་དང་། བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་གྱི“གྲོང་ཚོ་རེར་སྤུས་རྟགས་རེ”དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར། ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྱོང་སོགས་ལས་དོན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོར་ཁས་ལེན་གང་ལེགས་གནང་བ་རེད།

ཝང་ཡ་ཏུང་གིས་རྫོང(ཆུས)ཁག་གིས་ཤང་དང་གྲོང་རྡལ་གྱི་ལས་དོན་དང་ཤང་དང་གྲོང་རྡལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། བསྒྱུར་འཕེལ་བརྟན་གསུམ་གྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ཏེ་ཐབས་ཇུས་གནད་འཁེལ་འཚོལ་བ་དང་། ཕྱོགས་བསྡོམས་བྱེད་པ། ཉམས་མྱོང་གྲུབ་པ་བཅས་བྱས་ནས། འགན་འཁྲི་ལྗིད་པོ་འཁུར་ཕོད་པའི་གཞི་རིམ་ལས་བྱེད་པའི་དཔུང་ཁག་ཅིག་སྔར་ལས་ལྷག་པར་འཛུགས་སྐྱོང་བྱེད་དགོས།“མཐའ་མའི་འགག་གནད”ཀྱི་འགན་འཁྲི་ཡག་པོ་སྒྲུབ་པ་དང་གོང་གི་གནད་དོན་གསར་པ་ཐག་གཅོད་ཡག་པོ་བྱེད་པ་དང་། གོང་དང་འོག་ལ་འབྲེལ་མཐུད་ཡག་པོ་བྱས་ནས་གོང་འོག་གི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་གོང་རིམ་གྱིས་བཀོད་སྒྲིག་བྱས་པའི་ལས་དོན་གཞི་རིམ་དུ་དོན་འཁྱོལ་ཡོང་བ་བྱེད་དགོས། ལས་ཁུངས་ཚད་ལྡན་འཛུགས་སྐྱོང་ལ་བརྟེན་ནས་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ་དང་། རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་ལ་བརྟེན་ནས་ཁྲིད་སྟོན་གྱི་ནུས་པ་མངོན་གསལ་དོད་དུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བའི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་ལ་བརྟེན་ནས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། གཙོ་གནད་ལ་དམིགས་ཏེ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་ཞབས་ཞུ་ལྟེ་གནས་ཀྱི་ལས་ཀའི་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས་གནད་འཁེལ་བཙལ་འཚོལ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་དམ་འཛིན་དང་། དམ་འཛིན་ལེགས་པོ། དམ་འཛིན་ཏན་ཏིག་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་རང་འགུལ་ངང་སེལ་དགོས་ཞེས་ནན་བཤད་གནང་བ།

གྲོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགོ་ཁྲིད་དང་འགན་འཁུར་མི་སྣ། རྫོང(ཆུས)ཁག་གི་རྩ་འཛུགས་པུའི་པུའུ་ཀྲང་དང་གྲོང་ཁྱེར་ཡོངས་ཀྱི་ཤང(གྲོང་རྡལ)ཁག་གི་ཏང་ཨུད་ཀྱི་ཧྲུའུ་ཅིའམ་ཡང་ན་ཤང(གྲོང་རྡལ)ཀྲང་ཁྱོན་180ལྷག་ཙམ་ཞུགས་ཡོད་པ་རེད།