国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月20日

གྲོང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་18ཉིན་གྱི་དགོང་མོར་ཆབ་མདོ་གྲོང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་གྲོང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལི་པིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཡོད།

ལི་པིན་གྱིས་མིག་སྔར་རང་གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་མཛུབ་ཁྲིད་ནུས་ལྡན་དང་། གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་བཅས་ཀྱི་འོག་ཏུ་ངེད་གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཡིས་རིགས་གཞུང་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་དག་ཐེར། སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་ཀྱི་གཙོ་གནད་བྱ་ཐབས་ལ་མཉམ་དུ་ཤུགས་སྣོན་དང་། མཉམ་དུ་སྐུལ་འདེད། འགོ་འཛུགས་ཅུང་བརྟན་པོ། འཕེལ་རིམ་གོ་རིམ་ལྡན་པ་དང་བདེ་བླག་བཅས་མཐའ་འཁྱོངས་བྱས་པས་ལས་དོན་ངེས་ཅན་གྱི་ཕན་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་ལམ་ནས་འཚོགས་པ་དང་། ཚོགས་འདུའི་ཐོག་རྫོང(ཆུས)ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་དོན་ཁང་དང་དེ་བཞིན་སློབ་སྦྱོང་ནང་ཞུགས་པའི་ཁོངས་གཏོགས་6གིས་ཉེ་དུས་ཀྱི་ལས་དོན་སྤེལ་ཚུལ་དང་ཐེངས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་ཡོད།