འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་16ཉིན། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཁྲང་པིན་གྱིས་ཆབ་མདོ་གྲོང་ཁྱེར་དུ་ཧྥུའུ་ཅན་ཞིང་ཆེན་གྱི་སློབ་གསོ་དང་སྨན་བཅོས་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ་དང་འབྲེལ་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་དང་དེ་བཞིན་སྨན་དོན་ལས་དོན་པར་འཚམས་འདྲི་གནང་ཡོད།
ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་འཁྲིད་མཁན་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་ལུའི་གོ་ཅན་གྱིས་མཉམ་དུ་བརྟག་ཞིབ་གནང་ཡོད། ཁྲང་པིན་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་དམའ་རིམ་སློབ་འབྲིང་གཉིས་པ་དང་། གྲོང་ཁྱེར་མ་བུ་བདེ་སྲུང་ཁང་། ཧྥུའུ་ཅན་གྱི་བོད་སྐྱོར་སྤྱི་ཤག་སོགས་སུ་བསྐྱོད་དེ་ཧྥུའུ་ཅན་ཞིང་ཆེན་གྱི་སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་གནས་ཚུལ་སྙན་ཞུ་གསན་པ་དང་འབྲེལ་བོད་སྐྱོར་དགེ་རྒན་དང་སྨན་པ་འི་དབར་བཞུགས་མོལ་ཡང་གནང་ཡོད།
ཁྲང་པིན་གྱིས་ཧྥུའུ་ཅན་ཞིང་ཆེན་གྱི་ས་ཁུལ་དང་།གྲོང་ཁྱེར།འབྲེལ་ཡོད་སྡེ་ཚན་ཁག་གིས་སྔར་རྒྱུན་བཞིན་སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབས་ནས་བོད་སྐྱོར་སློབ་གསོ་དང་སྨན་བཅོས་ལས་བྱེད་པའི་ཤེས་ལྡན་མི་སྣ་བོད་དུ་ལས་དོན་སྒྲུབ་པར་སེམས་ཁྲལ་མེད་པ་བྱེད་དགོས་ཞེས་བསྟན།