国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月20日

ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱི“ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”གྲབས་འཛུགས་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས17ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱི“ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”གྲབས་འཛུགས་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཏིང་ཟབ་ངང་ལག་བསྟར་བྱེད་པ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་“ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་སྤེལ་བཅས་བྱས་ཏེ། ཆབ་མདོའི་གསར་བརྗེའི་རིག་གནས་མིང་བྱང་མུ་མཐུད་གཏོད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བས“ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”རྣམ་གྲངས་ཀྱི་སྤྱིའི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུས་པ་རེད། འབྲེལ་ཡོད་ཚན་པས་འགྲེམས་སྟོན་གྱི་དངོས་ཚན་དང་རིག་དངོས་ཀྱི་ལོ་རྒྱུས་དཔྱད་གཞི་བསྡུ་རུབ་ལས་དོན་སྤེལ་ཚུལ་དང་། རྣམ་གྲངས་ཀྱི་ཨར་ལས་ཇུས་འགོད། རྣམ་གྲངས་འཛུགས་རྒྱུའི་ཞིབ་མཆན་འགོད་པ་སོགས་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུའུ་དགའ་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཀྲའོ་ཅན་གོ་ཡིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྤྱི་ཚོགས་དང་སྣོད་བཅུད་ཤེས་དཔལ་སློབ་དཔྱོད་པུའི་མི་རིགས་དང་ཆོས་ལུགས་སློབ་དཔྱོད་ཁང་གི་ཀྲུའུ་རེན་དང་། བོད་ལྗོངས་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འགན་གཅིག་ལྕོགས་འཁུར་བའི་དགེ་རྒན་ཆེ་མོ་བ་ཝང་ཞའོ་པིང་གིས་ཚོགས་འདུའི་ཐོག“ཆབ་མདོའི་གཡུལ་འགྱེད་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”གྱི་རྩ་གནད་དེ་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། སྲིད་ཇུས་རང་བཞིན། ཡང་ན་ལོ་རྒྱུས་ཀྱི་དཔྱད་གཞིའི་རང་བཞིན་དང་། རིག་གཞུང་རང་བཞིན། ལྟ་ཀློག་རང་བཞིན་བཅས་ཕྱོགས་གང་རུང་ནས་ཀྱང་ཆུ་ཚད་ཅུང་མཐོ་པོ་ཞིག་ཏུ་སླེབས་ཡོད། འབྲེལ་ཡོད་ཡི་གེའི་ཐོག་ནས་བལྟས་ཚེ་ལས་དོན་ཁག་ཚང་མ་འགྲེམས་སྟོན་གྱི་གཞི་རྩའི་ཆ་རྐྱེན་དུ་སླེབས་ཡོད་པས་འབྲེལ་ཡོད་ཚན་པ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ནས་རྣམ་གྲངས་སྔ་ཙམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།