国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月20日

ཀུང་ཧུའེ་ཚའེ“མི་དམངས་ལ་སྙན་སེང་ཞུ”ཞེས་པའི་དབྱར་དུས་བདེ་སྐྱོང་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ཀྱི་གྲུབ་འབྲས་འགྲེམས་སྟོན་འགོ་ཚུགས་མཛད་སྒོར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས17ཉིན་གྱི་སྔ་དྲོ། “མི་དམངས་ལ་སྙན་སེང་ཞུ”ཞེས་པའི་དབྱར་དུས་བདེ་སྐྱོང་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ཀྱི་གྲུབ་འབྲས་འགྲེམས་སྟོན་འགོ་ཚུགས་མཛད་སྒོ་ཆབ་མདོའི་ཇ་རྟ་ཐང་ཆེན་དུ་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་འགྲེམས་པང་དང་། དངོས་ཟོག་འགྲེམས་སྟོན། ཁྲིམས་ལུགས་དྲིལ་བསྒྲགས་བཅས་ཀྱི་ཐོག་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཆེད་དོན་བྱ་སྤྱོད་ཐད་ཐོབ་པའི་གྲུབ་འབྲས་བརྡ་ཁྱབ་དང་འགྲེམས་སྟོན་བྱས་ཡོད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས17ཉིན་གྱི་སྔ་དྲོ། “མི་དམངས་ལ་སྙན་སེང་ཞུ”ཞེས་པའི་དབྱར་དུས་བདེ་སྐྱོང་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ཀྱི་གྲུབ་འབྲས་འགྲེམས་སྟོན་འགོ་ཚུགས་མཛད་སྒོ་ཆབ་མདོའི་ཇ་རྟ་ཐང་ཆེན་དུ་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་འགྲེམས་པང་དང་། དངོས་ཟོག་འགྲེམས་སྟོན། ཁྲིམས་ལུགས་དྲིལ་བསྒྲགས་བཅས་ཀྱི་ཐོག་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཆེད་དོན་བྱ་སྤྱོད་ཐད་ཐོབ་པའི་གྲུབ་འབྲས་བརྡ་ཁྱབ་དང་འགྲེམས་སྟོན་བྱས་ཡོད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་འགོ་ཚུགས་མཛད་སྒོ་ཕེབས་ཡོད། ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཁོངས་མི་ཕིང་རུང་རུང་དང་ཐང་ཝེ་བཅས་ཚོགས་འདུར་ཞུགས་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའུ་ཀྲང་ལིས་པིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཅ་ཤིན་ཡུས་ཚོགས་འདུར་ཞུགས་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཝུན་ཧྲན་གྱིས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་བདེ་སྐྱོང་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ཀྱི་ལས་དོན་སྙན་སེང་ཞུས་ཡོད།

ཝང་ཡ་ཏུང་གིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་ལ་འགན་སྲུང་བྱེད་པར་དུས་ད་ལྟ་བ་ལས་འདས་པ་མེད་པ་དང་། ནམ་ཡང་ཚར་དུས་མེད་པར་དུས་ཚོད་སྐར་ཆ་ཙམ་ཡང་ལྷོད་གཡེང་གཏན་ནས་གཏོང་མི་རུང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་དེ་སྐུལ་ལྕག་ཤིག་ཏུ་བརྩིས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོ”ཞེས་པའི་སློབ་སྟོན་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་འཆང་བ་དང་། བརྗོད་དོན་གཙོ་བོའི་སྤྱིའི་བླང་བྱ་དང་། རྩ་བའི་ལས་འགན། ཞིབ་ཕྲའི་དམིགས་ཚད་བཅས་ལ་དམ་པོར་དམིགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ངང་སྤེལ་བའི་ནང་དུས་རབས་གསར་པའི་འགན་འཁྲི་དེ་བས་ལེགས་སྒྲུབ་ཡོང་བར་བྱེད་དགོས། གཅིག་ནས་ཐོག་མཐའ་བར་གསུམ་དུ་དགོངས་པ་སློབ་སྦྱོང་བྱེད་སྐབས་ཏང་ལ་ལྷག་བསམ་རྣམ་དག་གི་ཉེན་རྟོག་པའི་བླ་སྲོག་བསྐྲུན་པར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། བློས་འགེལ་ཆོག་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་མི་ཉམས་པར་བྱས་ཏེ་གྲི་མགོ་བཟུང་དབང་ཏང་དང་མི་དམངས་ཀྱི་ལག་ཏུ་སྟངས་འཛིན་ནན་པོ་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་ཐོག་མཐའ་བར་གསུམ་དུ་ཏང་གཤིས་བརྟན་དུ་གཏོང་བའི་ཁྲོད་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ལེགས་པོ་སྲུང་ནས་སྤྱི་བདེའི་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། ཚད་གཞི་ཅན། དམངས་བདེ་ཅན་བཅས་སུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དྲང་གཞག་ཚུལ་མཐུན་གྱི་ཁྲིམས་བསྟར་ཚད་ལྡན་ནན་པོ་བྱས་ཏེ། མི་དམངས་མང་ཚོགས་ལ་གྱོད་དོན་རེ་རེ་བཞིན་ཞིབ་གཅོད་དང་དོན་དག་རེ་རེ་བཞིན་ཐག་གཅོད་བྱེད་པའི་ཁྲོད་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་དགོས། གསུམ་ནས་ཐོག་མཐའ་བར་གསུམ་དུ་ལག་ལེན་ལ་མཐོང་ཆེན་བྱེད་པའི་ཁྲོད་རང་འགན་ནན་སྒྲུབ་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ། ནག་ཚོགས་སྤྱོད་ངན་གཙང་སེལ། མེ་མདའ་དང་འགས་གཏོར་གཙང་བཅོས་བཅས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ། ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་སྔར་བས་འཐུས་ཚང་དང་། སྔར་བས་འགན་ལེན། སྔར་བས་རྒྱུན་མཐུད་བཅས་ཡོང་རྒྱུར་འབད་བརྩོན་བྱེད་དགོས། བཞི་ནས་ཐོག་མཐའ་བར་གསུམ་དུ་བྱས་རྗེས་གསར་པ་འཇོག་པའི་ཁྲོད་དུ་ཉེན་རྟོག་པར་སྦྱོང་བརྡར་ནན་པོ་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་དར་རྒྱས། ཉེན་རྟོག་པར་དོ་དམ་ནན་པོ་བྱེད་པ། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་སྤྱི་བདེའི་ལྕགས་དམག་ཅིག་ཧུར་ཐག་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཁྱོན་ཡོངས་ནས་བསྐྲུན་ཆེད་སྲུང་སྐྱེལ་བྱེད་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཁྱེར་དམངས་འཐུས་དང་། སྲིད་གཞུང་། དྲག་ཆས་ཉེན་རྟོག་ཆབ་མདོའི་ཡན་ལག་རུ་ཁག གྲོང་ཁྱེར་རིམ་པའི་འབྲེལ་ཡོད་འགོ་ཁྲིད། གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པ་ཁག་གི་ལས་བྱེད་པའི་འཐུས་མི། སློབ་མའི་འཐུས་མི། མང་ཚོགས་ཀྱི་འཐུས་མི། སྲིད་ཁྲིམས་ཁོངས་གཏོགས་ཀྱི་འཐུས་མི། དྲག་ཆས་ཉེན་རྟོག་རུ་ཁག མེ་ཟོག་ཉིང་ལག་རུ་ཁག འཇིགས་སྐུལ་ལ་ངོ་རྒོལ་ཡན་ལག་རུ་ཁག་དེ་བཞིན་རྫོང་ཆུས་ཁག་གི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད།

འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཀུང་ཧུའེ་ཚའེ་ཡིས་ཚོགས་ཞུགས་འགོ་ཁྲིད་ཁྲིད་དེ་“མི་དམངས་ལ་སྙན་སེང་ཞུ”ཞེས་པའི་དབྱར་དུས་བདེ་སྐྱོང་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། གྲོང་ཁྱེར་སྤྱི་བདེ་ཅུད་དང་རྫོང་ཆུས་སྤྱི་བདེ་ཅུད་བཅུ་གཅིག་གི་ཆེད་སྒྲོམ། ཆེད་དོན་བྱ་སྤྱོད་སྤེལ་རིང་གཞུང་བཞེས་བཏང་བའི་གྲི་དང་མེ་མདའ་སོགས་ལ་གཟིགས་སྐོར་བྱས་པ་མ་ཟད་ཁྲིམས་སྐྱོང་དྲིལ་བསྒྲགས་ལས་དོན་ལ་ཞིབ་ཕྲའི་གྲོས་འགོ་བཏོན་ཡོད།