འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས16ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བཅས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་གནང་ཡོད།
རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ཐིང་གི་ཏང་ཨུད་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཤིས་བློ་ཡིས་མཛུབ་སྟོན་གསུང་བཤད་གནང་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཝུན་ཧྲན་གྱིས་གཙོ་སྐྱོང་ཞུས་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཅ་ཤིན་ཡུས་དང་གྲོང་སྤྱི་གཞོན་པ་ཝུའུ་ཅན་ཚོགས་འདུར་ཞུགས་ཡོད།
ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་པ་དང་ལག་བསྟར་བྱས་པ་མ་ཟད་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་ལ་རབ་དང་རིམ་པའི་རྣམ་བཤད་གལ་ཆེན་བཏོན་གནང་བ་དེས་ང་ཚོས་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱིས་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་ཐད་ལ་མཆན་བཀོད་མཛུབ་སྟོན་དང་བཀོད་སྒྲིག་རབ་དང་རིམ་པ་གནང་བ་དེས་ང་ཚོས་མང་ཚོགས་ཀྱི་ནད་འགོག་དང་སྨན་བཅོས་བྱེད་པའི་ལས་ཀའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བར་མཛུབ་ཁྲིད་ནུས་ལྡན་གནང་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོབ་དང་“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པའི་མཐོ་ཚད་དང་། རྒྱལ་ཁབ་བདེ་འཇགས་ཀྱི་བོད་ཤར་སྲུང་ཡོལ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཐོ་ཚད་བཅས་ཀྱི་ཐོག་འགྲེང་བ་དང་། རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ལས་འགན་གཙོ་བོ་ཞིག་ཏུ་བརྩི་བ་དང་ མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ཞེས་བསྟན།
ཀུང་ཧུའེ་ཚའེ་ཡིས་མི་དམངས་མང་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་གཏོང་རྒྱུ་ནི་རྒྱལ་ཁབ་བདེ་འཇགས་ལས་ཀའི་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་དང་ཕུགས་ཕེར་གྱི་ཇུས་གཞི་ཞིག་ཡིན་ལ། རྒྱལ་ཁབ་བདེ་འཇགས་ནི་ཡོད་ཚད་ཁ་འབྲལ་ཐབས་མེད་པའི་བསམ་བློ་བརྟན་པོ་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁབ་བདེ་འཇགས་སྲུང་མཁན་དང་། སྣེ་ཁྲིད་མཁན། འབད་པ་བྱེད་མཁན་ཞིག་བྱེད་པར་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུ་བརྙན་འཕྲིན་ཁ་པར་གྱི་ལམ་ནས་འཚོགས་པ་དང་། གྲོང་ཁྱེར་ལ་ཚོགས་ར་གཙོ་བོ་དང་རྫོང་ཆུས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད།