འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས26ཉིན། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་ཆེད་དོན་ཟུར་ཁྲིད་གཉེར་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་གྲོང་ཨུད་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀུང་ཧུའེ་ཚའེ་ཡིས་སློབ་སྦྱོང་ལ་བརྟེན་ནས་སེམས་བསྐྱེད་པར་མཐའ་འཁྱོངས་བྱས་ཏེ་ཁུལ་གསུམ་དང་མཐོ་ས་གཅིག་འཛུགས་གཏོད་ཐད་འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་པའི་བརྗོད་དོན་གཙོ་བོའི་ཆེད་དོན་ཟུར་ཁྲིད་གནང་ཞིང་། ཁོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པའི་ནང་དོན་གྱི་དོན་སྙིང་དང་། གལ་ཆེའི་དམིགས་ཚད། རྩ་བའི་བླང་བྱ། གཞི་རྩའི་ལམ་ཕྱོགས་བཅས་གསལ་པོ་ཤེས་པ་དང་བྱང་ཆུབ་པ་ཤེས་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་ཉིད་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་བ་བཅས་སུ་འགྱུར་བ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།
ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་ཤའེ་དབྱིན་ཚོགས་འདུར་ཞུགས་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།
ཀུང་ཧུའེ་ཚའེ་ཡིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་བསམ་བློའི་སློབ་གསོ་དང་རིགས་གཞུང་གི་དྲག་ཆས་སྤྲོས་རྒྱུ་ནི་ལས་འགན་གལ་ཆེན་ཨང་དང་པོ་དེ་ཡིན་ཞིང་།“སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ”ནི“སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ”བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་རེད། 2023ལོའི་ཟླ་4ཚེས་10ཉིན་ནས་ཚེས་13ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས“སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པའི”ཐད་འགྲེལ་བཤད་གཏིང་ཟབ་བསྐྱོན་གནང་ཞིང་། ཁོང་གིས“སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ལས་དོན་གཏིང་ཟབ་སྒྲུབ་དགོས། བསམ་བློའི་ཐད་གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་བསམ་འཕེལ་བྱེད་པ་དང་། དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྙིང་སྟོབས་ཀྱི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་སྲུང་བ་བཅས་བྱེད་དགོས།”ཞེས་བསྟན་པ་ལས་ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་རང་འགུལ་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རང་སྣང་འཇིག་རྟེན་སྒྱུར་བཀོད་བྱས་ནས“སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པའི”ཐད་ཤུགས་སྣོན་རྒྱག་པ་དང་ཕན་འབྲས་དངོས་ཐོན་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པའི”ནང་དོན་གྱི་དོན་སྙིང་དང་། རིན་ཐང་གི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། གཞི་བརྟན་བསམ་འཕེལ་གྱི་ལྟེ་བའི་དམིགས་ཚད་དང་། གཞི་སྒྱུར་རྩ་སྒྱུར་གྱི་དམིགས་ཚད་གཙོ་བོ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་རྩ་བའི་བླང་བྱ་བཅས་ལ་དམ་པོར་དམིགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རྒྱུན་རྣམ་དང་། ཕུགས་ཕན། འཛེམ་མེད་དམར་འདོན་བཅས་ཀྱི་གཞི་རྩའི་ཐབས་ལམ་དེར་སྐུལ་འདེད་བཏང་སྟེ་སྦྱངས་པ་གོ་ཆོད་དང་། ཆབ་མདོ་གོང་འཕེལ་གཏོང་རྒྱུའི་ཐད་བྱ་ཐབས་དངོས་འཚོལ་ཞིབ་དང་དངོས་ཕན་དོན་གཉེར་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་དེ་བས་རང་འགུལ་ངང་ཕྱོགས་ཡོངས་དང་གཏིང་ཟབ་པའི་བསམ་བློའི་སྦྱོང་བརྡར་ཐེབས་པ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་རྩ་བ་བརྟན་དུ་གཏོང་བ་དང་ཀུན་སྤྱོད་སྦྱོང་བརྡར་གྱིས་བློ་དཀར་སེམས་དཀར་བྱས་ཏེ་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན།
ཀུང་ཧུའེ་ཚའེ་ཡིས་“སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ”ནི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་དེ་ཡིན། སློབ་སྦྱོང་གི་གྲུབ་འབྲས་དེ་གཡོ་འགུལ་གཏོང་ཐབས་བྲལ་བའི་ཕུགས་བསམ་དང་དད་སེམས་སུ་ཟབ་ཏུ་བཏང་ནས་ཏང་ཡོན་ལས་བྱེད་པར་བདེན་དོན་ངོས་འཛིན་དང་། བདེན་དོན་ཁོང་དུ་ཆུད་པ། བདེན་དོན་ལ་དད་མོས། བདེན་དོན་སྲུང་སྐྱོང་བཅས་བྱ་རྒྱུའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་ནས་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱི“གཅུས་སྒོ་ཨ་མར”དམ་འཛིན་ཡག་པོ་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ”ནི་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་ཡིན། སློབ་སྦྱོང་གི་གྲུབ་འབྲས་དེ་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དུ་འགྱུར་བར་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་བྱང་ཚད་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་། ཏང་ལ་དཀའ་སྡུག་མཉམ་འཁུར། ཏང་ལ་རང་འགན་གཙང་སྒྲུབ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།“སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ”ནི་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་ལངས་བ་དེ་ཡིན། སློབ་སྦྱོང་གི་གྲུབ་འབྲས་དེ་སྲ་ཞིང་བརྟན་པའི་མི་དམངས་ཀྱི་ལངས་ཕྱོགས་སུ་བསྒྱུར་ནས་ཏང་ཡོན་ལས་བྱེད་པར་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སེམས་ནུས་གཅིག་སྒྲིལ་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཏེ་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། སྔོན་བྱོན་པ་རྣམས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་ཧུར་ཐག་གཏོད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

