国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年09月29日

གོ་འཇོ་རྫོང་གིས་2023ལོའི་ཏང་དོན་ལས་དོན་པའི་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་དུས་ཡུན་ཉིན་གཉིས་ཀྱི་2023ལོའི་ཏང་དོན་ལས་དོན་པའི་གསོ་སྦྱོང་བྱས་པ་རེད།

ཐེངས་འདིའི་གསོ་སྦྱོང་ལ“ཆེད་མིས་སློབ་ཁྲིད་དང་སྤེལ་རེས་བགྲོ་གླེང”གི་བྱེད་སྟངས་སྤྱད་དེ། ཏང་འཛུགས་སྐྱོང་གི་ཞིབ་ཕྲའི་རིགས་པའི་གཞུང་ལུགས་དང་ལས་སྒོའི་སློབ་ཚན་གཉིས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཤིང་། སློབ་ཁྲིད་ཀྱི་ནང་དོན་གོ་འཇོ་རྫོང་གི་ཏང་འཛུགས་སྐྱོང་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་དོན་ལས་དོན་པའི་ལས་སྒོའི་བྱང་ཚད་དང་ལས་ཀའི་འཇོན་ཐང་ཆེ་རུ་ཧུར་ཐག་གཏོང་བ་གང་ཞིག་ཉན་ནས་སྦྱོང་བ་དང་། སྦྱངས་ནས་རྟོགས་པ། རྟོགས་ནས་སྒྲུབ་པ་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དག་ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོར་ཧུར་ཐག་འགྱུར་བར་བྱས་པ་རེད།

གསོ་སྦྱོང་ལ་ཞུགས་མཁན་ཚོས། ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཐུང་ཡང་སློབ་ཚན་བཀོད་སྒྲིག་ལུགས་མཐུན་དང་། གཙོ་གནད་མངོན་གསལ་དོད་པ། ལག་ལེན་རང་བཞིན་ཤུགས་ཆེ་བ་བཅས་ཡོད་པས་གསོ་སྦྱོང་བྱས་པ་བརྒྱུད་གཞི་རིམ་གྱི་ཏང་དོན་ལས་དོན་པ་ཡིན་པའི་ངོས་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་གསལ་པོར་རྟོགས་བྱུང་། སླད་ཕྱིན་གྱི་ལས་ཀའི་ནང་སློབ་སྦྱོང་གི་གྲུབ་འབྲས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུཌ་ཆེན་པོར་ཧུར་ཐག་འགྱུར་བར་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་སྔར་བས་བརྟན་དུ་གཏོང་བ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད་པ་རེད།