国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年09月29日

ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོའི་ མིང་ཐོ་ཡོངས་བསྒྲགས་བྱས་པ།

ངེད་གྲོང་ཁྱེར་གྱི་གྲོང་ཚོ1མིང་གྲལ་དུ་ཚུད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་2023ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཚོ་252དེའི་ནང་ཚུད་ཡོད་ཅིང་། རང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ་དང་། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིཊ་ཤང་འཇང་མི་རིགས་གྲོང་ཚོ། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་འཁྲུངས་ཁང་གྲོང་ཚོ་བཅས་མིང་ཐོའི་ནང་ཚུད་ཡོད་པ་རེད། མིག་སྔར། རང་ལྗོངས་ཀྱིས་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ33རེ་ཞུ་ལེགས་སྒྲུབ་བྱས་པ་རེད།

ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ་སྐྲུན་པ་ནི་ཞིང་ལས་ཀྱི་ནུས་པ་སྣ་མང་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། ཞིང་པའི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁྱད་ལྡན་ལེགས་ཆ་མངོན་གསལ་དོད་པ་དང་། ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་བ། ཡུལ་སྲོལ་གོམས་འདྲིས་བཟང་བ། སྤུས་རྟགས་ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁག་གཅིག་བསྐྲུན་ཡོད།