འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་མངའ་ཁོངས་སུ་ཡོད་པའི་ར་འོག་མཚོ་ནི་བོད་ལྗོངས་ཤར་ཕྱོགས་ཀྱི་ཆེས་ཆེ་བའི་མཚོ་ཡིན་ལ། དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ཝ་པ་གྲོང་ཚོ་ར་འོག་མཚོའི་མཚོ་འགྲམ་དུ་ཆགས་ཡོད། སྟོན་བསྡུ་བའི་ལས་ལ་བྲེལ་བའི་དུས་ཚིགས་ཐོན་པ་དང་བསྟུན་གསེར་མདོག་གི་ལོ་ལེགས་འབྱུང་བའི་ནས་ཞིང་རླུང་ནང་དུ་དལ་གྱིས་གཡོ་བཞིན། ར་འོག་མཚོའི་མཛེས་ལྗོངས་དང་སྟོན་བསྡུའི་རྣམ་པ་ཕན་ཚུན་འདྲེས་ནས་ཞིང་ཁའི་མཛེས་སྡུག་གི་རི་མོ་ཞིག་ངང་གིས་གྲུབ་ཡོད།