国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年09月12日

ཆབ་མདོ་གྲོང་ཁྱེར་གྲོང་ཁུལ་གཙོ་བོའི་མཁར་གྲོང་དོ་དམ་ལས་ཀའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས7ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་གྲོང་ཁྱེར་དོ་དམ་བྱས་ཚུལ་དང་། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུད་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་འབྲེལ་ཡོད་གནས་ཚུལ་གསན་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆབ་མདོའི་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ལས་དོན་ཐད་བཏོན་པའི་བླང་བྱ་དང་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས་གཞི་རིམ་བཅོས་སྐྱོང་དང་གྲོང་ཁྱེར་དོ་དམ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་བཏང་ནས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་ཅིང་བརྒྱུད་རིམ་ལྡན་པའི་བསམ་གཞིགས་དང་། གཅིག་གྱུར་དོ་དམ་ནུས་པ་བཅས་ཆགས་པར་བྱས་ཏེ་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་ལ། དོ་དམ་བྱེད་པའི་ཁྱབ་ཁོངས་དང་འགན་འཁྲིའི་བྱེད་པོ་ཁ་གསལ་བཟོ་བ་དང་། གྲོང་ཁྱེར་དོ་དམ་ཚད་ལྡན་ཅན་གྱི་མ་ལག་འཐུས་ཚང་དུ་གཏོང་བ། ཞིབ་ཚགས་ཅན་གྱི་དོ་དམ་ལག་བསྟར་བྱེད་པ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་གཞི་འཛིན་ས་དང་དོན་ལ་འབབ་སར་བྱེད་ཅིང་། གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་དང་ལས་རིགས་སྡེ་ཚན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བཅས་བྱེད་ནས། འགོ་འཛུགས་ས་མཐོ་པོའི་ཐོག་ནས་འཆར་འགོད་བྱེད་པ་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན། ཆུ་ཚད་མཐོ་བའི་དོ་དམ་བཅས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་རྣམས་གཞི་རིམ་དུ་སོང་ནས་བརྟག་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དོ་དམ་གྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་ནས་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་གྱི་དམིགས་ས་གཏན་འཁེལ་དང་ཇུས་འགོད་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་ནུས་པ་ཆ་ཚང་བ་དང་། མང་ཚོགས་ཀྱི་འཚོ་བ་སྐྱེལ་བར་སྟབས་བདེ་ཡོད་པ། འཚོ་སྡོད་འཚམས་སྐྱིད་ཀྱི་བོད་ཤར་ནོར་བུ་འཛུགས་སྐྲུན་གང་ལེགས་བྱེད་དགོས། གྲོང་ཁྱེར་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་ནས། གྲོང་ཁྱེར་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་འཛིན་མི་སྣའི་ཕྱོགས་བསྡུས་བྱང་ཚད་དང་ནུས་པ་ཆུ་ཚད་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་པ། བྱང་ཚད་མཐོ་བའི་ཁྲིམས་འཛིན་དཔུང་ཁག་བཟོ་བ་བཅས་བྱེད་ནས་དེང་རབས་ཅན་གྱི་གྲོང་ཁྱེར་དོ་དམ་ལ་ནུས་ཤུགས་སྣོན་དགོས་ཞེས་ནན་བཤད་གནང་ཡོད།

གྲོང་སྤྱི་གཞོན་པ་ཐོགས་མེད་ཤེས་རབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།