国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年09月12日

ཆབ་མདོ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་བསྒྲུབ་སྒྱུར་སྤྲད་པའི་གྱོད་གཞི་བཅོས་སྒྲིག་དོན་འཁྱོལ་ཡོང་བར་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གསུམ་པས་སྒྲུབ་རྒྱུར་སྤྲད་པའི་གྲོས་གཞི་རྩིས་སྤྲོད་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་སྒྲུབ་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་ལམ་སང་བཅོས་སྒྲིག་བྱ་རྒྱུར་མཐའ་འཁྱོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་གནད་དོན་བཅོས་སྒྲིག་དོན་འཁྱོལ་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཚེས་11ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་གྲོང་སྤྱི་གཞོན་པ་ལུའེ་གོ་ཅན་གྱིས་སྔ་རྗེས་སུ་ཁ་རུབ་ཆུས་སྟག་རྩྭ་ཐང་ཟླ་ཆུའི་གནས་སྐྱིད་ཁུལ་ཆུང་གི་ཚོང་སྒྱུར་སྡོད་ཁང་གི་པེ་ཨེན་རྙིང་མའི་ཁྱིམ་ཆས་གྲོང་དང་ཁ་རུབ་ཆུས་བདེ་སྐྱིད་ལམ་དུམ་དུ་བསྐྱོད་ནས་ཡུལ་དངོས་སུ་འུར་སྒྲ་ཟིང་ཆ་ཡིས་མང་ཚོགས་ལ་ཟང་ཟིང་བཟོ་བ་དང་། གང་བྱུང་དུ་འཇོག་པ། མེ་ཟོན་ཆུ་སྦུག་གཏོར་བ་སོགས་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གྱོད་གཞི་2བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ཡོད་པ་རེད།

པར་འདི་ནི་ལྟ་སྐུལ་བྱེད་པའི་ཡུལ་དངོས་ཡིན་པ།