国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年09月12日

ལྟ་ཞིབ་སྤྱི་བསྒྲགས།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད། རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གསུམ་པས2023ལོའི་ཟླ་9ཚེས་8ཉིན་ནས་ཟླ་9ཚེས་27ཉིན་བར་ཆབ་མདོ་གྲོང་ཁྱེར་དུ་རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་དང་པོ་དེ་བྱ་རྒྱུ་རེད།

ཡིག་སྐུར་ཞུ་བཅར་བདག་སྤྲོད་བྱེད་ཁོངས། ཆབ་མདོ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁ་པར་དང་ཡིག་སྐུར་ཞུ་བཅར་གྱི་ཐེར་འདོན་བདག་སྤྲོད་བྱ་རྒྱུ་ཡིན། བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་ཡིག་སྐུར་ཞུ་བཅར་གྱི་ཐེར་འདོན་གནད་དོན་གཞན་དག་གཏན་འབེབས་ལྟར་ཆབ་མདོ་གྲོང་ཁྱེར་ལ་རྩིས་སྤྲོད་བྱ་རྒྱུ།

ལྟ་ཞིབ་བྱེད་རིང་། ལྟ་ཞིབ་ཚོགས་ཆུང་གི་ཆེད་དོན་ཁ་པར་ཨང་གྲངས་ནི། 0895-4848387ཡིན།

སྦྲག་སྲིད་ཡིག་སྒམ་ནི། ཆབ་མདོ་གྲོང་ཁྱེར་སྦྲག་སྲིད་ཡིག་སྒམ་ཨངA003ཡིན།

ལྟ་ཞིབ་ཚོགས་ཆུང་གིས་ཁ་པར་ཉན་པའི་དུས་ཚོད་ནི། ཉིན་ལྟར་ཆུ་ཚོད09:00ནས21:00བར་ཡིན། ཡིག་སྐུར་ཞུ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཟླ་9ཚེས་27བར་ཉིན་ཡིན།

རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོཊ་བཅས་ཀྱིས་འཕྲིན་ཡིག་དང་ཁ་པར་ཐོག་ནས་གནད་དོན་གོང་ཞུ་དང་ཁུངས་སྣེ་མཁོ་འདོན་གནང་རྒྱུར་དགའ་བསུ་ཞུ།

དེ་དོན་གསལ་བསྒྲགས་འདི་ཆེད་དུ་སྤེལ་བ་ཡིན།

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་

ལྟ་ཞིབ་ཚོགས་ཆུང་གསུམ་པ་ཡིས།

2023ལོའི་ཟླ་9ཚེས་8ཉིན།