འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས10ཉིན་བར་བོད་རང་སྐྱོང་ལྗོངས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གསུམ་པར་ངེད་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་བཏོན་པའི་གནད་དོན་སྐོར་གྱི་འཕྲིན་ཡིག་དང་ཁ་པར་གྱི་ཐེར་འདོན་ཁག8འབྱོར་བ་དང་། དེ་རྫོང་ཆུས་3དང་འབྲེལ་བ་ཡོད་པ་དང་དེ་དག་ཁ་རུབ་ཆུས་ལ་6དང་། དཔལ་འབར་རྫོང་ལ1 རི་བོ་ཆེ་རྫོང་ལ་1བཅས་ཡོད། ཁྱོན་བསྡོམས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན8གོང་ཞུ་བྱས་པའི་ནང་འཛེར་སྒྲའི་སྦགས་བཙོག་གི་རིགས1དང་། སྐྱེ་ཁམས་གཏོར་སྐྱོན་གྱི་རིགས1 རླུང་ཁམས་ཆེ་མོའི་སྦགས་བཙོག་རིགས5 ཆུའི་སྦགས་བཙོག་གི་རིགས3 ས་རྒྱུའི་སྦགས་བཙོག་རིགས1སྦཌ་བཙོག་གཞན་དག་རིགས1བཅས་ཚུད་ཡོད་པ་རེད།
མིག་སྔའི་བར་གནད་དོན་2བསྒྲུབ་ཟིན་པ་དང་ལྷག་མའི་གནད་དོན6ཚང་མ་འགན་འཁྲི་གསལ་པོ་ཡོད་པའི་ཚན་པ་ཁག་གིས་འབྲེལ་ཡོད་གོ་རིམ་ལྟར་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།