国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年09月12日

བོད་རང་སྐྱོང་ལྗོངས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གསུམ་པ་ཡིས་ཆབ་མདོ་གྲོང་ཁྱེར་དུ་རེས་སྐོར་གཉིས་པའི་འབྱུང་ཁམས་ཁོར་ཡུག་སྲུང་ སྐྱོང་ཐད་ལྟ་ཞིབ་བྱེད་འགོ་བརྩམས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་དང་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར།རང་སྐྱོང་ལྗོངས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གསུམ་པ་ཡིས་ཆབ་མདོ་གྲོང་ཁྱེར་དུ་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལྟ་ཞིབ་བྱེད་འགོ་བརྩམས་ཡོད།

ཟླ་9ཚེས་8ཉིན་བཅའ་སྡོད་བྱས་ནས་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་ཆབ་མདོར་འཚོགས་ཤིང་། ལྟ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་རྒྱ་མཚོ་ལྷ་མོ་ཡིས་ལྟ་ཞིབ་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་ནས་གསུང་བཤད་གནང་བ་དང་། ཙུའུ་ཀྲང་གཞོན་པ་ཚེ་རིང་རྒྱ་མཚོ་ཡིས་ལྟ་ཞིབ་འགན་ལེན་ཐད་ཀྱི་འབྲེལ་ཡོད་ལས་དོན་ལ་དམིགས་ནས་ཞིབ་ཕྲའི་བླང་བྱ་བཏོན་པ་དང་།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་བཅའ་སྡོད་ལ་སྐུལ་སློང་གནང་བ་རེད།

རྒྱ་མཚོ་ལྷ་མོ་ཡིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་བྱ་རྒྱུ་ནི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལམ་ལུགས་ཀྱི་བཀོད་སྒྲིག་དང་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་བྱེད་པའི་ལས་དོན་དང་བོད་ཀྱི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཚོན་ཡོད་ཞེས་བསྟན།

རྒྱ་མཚོ་ལྷ་མོ་ཡིས་རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས“དོན་ཆེན་བཞིར”དམིགས་པ་དང་།“འཛུཊ་གཏོད་བཞིར”དམིགས་པ། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས། གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། ཚན་རིག་དང་མཐུན་ཞིང་ཁྲིམས་དང་མཐུན་པར་བྱ་རྒྱུ་བཅས་མཐའ་འཁྱོངས་ཧུར་ཐག་བྱས་ཏེ། ལྟ་ཞིབ་ཀྱི་ཁ་ཕྱོགས་དང་གཙོ་གནད་ལ་སྟངས་འཛིན་ལེགས་པར་བྱེད་དགོས། ལྟ་ཞིབ་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལ་སློབ་སྦྱོང་དང་དོན་འཁྱོལ་བྱས་ཚུལ་དང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཞེས་པའི་འདུ་ཤེས་དོན་འཁྱོལ་བྱས་ཚུལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ། འབྱུང་ཁམས་གཏོར་བཤིག་དང་། ཁོར་ཡུག་སྦགས་བཙོག འབྱུང་ཁམས་ཁོར་ཡུག་གི་ཉེན་ཁ་བཅས་ཐག་གཅོད་བྱས་ཚུལ་སོགས་ཀྱི་གནད་དོན་གལ་ཆེན་དོན་འཁྱོལ་བྱ་ཚུལ་དང་། མི་དམངས་ཀྱིས་ཞུས་པའི་ཉེ་འགྲམ་གྱི་ཁོར་ཡུག་གནད་དོན་འཕྲལ་མར་བཅོས་སྒྲིག་བྱས་ཚུལ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཞེས་པ་དོན་འཁྱོལ་བྱས་ཚུལ་སོགས་གཙོ་གནད་དུ་བཟུང་ནས་དོ་ཁུར་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ཐེངས་འདིའི་ལྟ་ཞིབ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་གིས་ཆབ་མདོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་མཐོང་ཆེན་དང་། ཐུགས་ཁུར། རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཕན་འབྲས་མཐོར་འདེགས་གཏོང་བ་དང་། སྐྱེ་ཁམས་ཤེས་དཔལ་མཐོ་ས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པ་བཅས་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་ལྡན་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རང་འགུལ་གྱིས་ལྟ་ཞིབ་དང་ལེན། ཕྱོགས་ཡོངས་ནས་ལྟ་ཞིབ་ལ་གཞོགས་འདེགས་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་ཏན་ཏིག་ངང་གཅིག་གྱུར་ཡོང་བ་དང་། ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ། རྩ་ལག་མཉམ་བཅོས་དང་འགན་འཁྲི་དོན་འཁྱོལ་ཆེ་རུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་རང་འགུལ་ངང་གནད་དོན་ངོས་འཛིན་བྱས་ཏེ་ཚུར་ལེན་སྤྲད་པའི་གནད་དོན་ཁྱོན་ཡོངས་ནས་དག་ཐེར་ཡོང་བར་འགན་ལེན་བྱེད་དགོས་པའི་བསམ་པ་བསྟན་ཡོད།

ཚོགས་འདུའི་ཐོག ཚེ་རིང་རྒྱ་མཚོ་ཡིས་ལྟ་ཞིབ་ལ་གཞོགས་འདེགས་བྱེད་པ་དང་། ལྟ་ཞིབ་བྱེད་ཞོར་དུ་བཅོས་སྒྲིག་བྱེད་པ། ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། ལས་དོན་ལ་འགན་ལེན་བྱེད་པ་བཅས་ཕྱོགས་བཞིའི་ཐད་བླང་བྱ་བཏོན་པར་མ་ཟད། ལྟ་ཞིབ་ཚོགས་ཆུང་གི་ཁོངས་མི་ཡོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་སྒྲིག་ཁྲིམས་གཏན་འབེབས(ཚོད་ལྟའི་ལག་བསྟར)》ལག་བསྟར་ནན་པོ་བྱས་ཏེ། ལྟ་ཞིབ་བྱ་ཡུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་རྒྱུའི་ཐད་ནས་གསུང་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གསུམ་པའི་ཁོངས་མི་ཡོངས་དང་། ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས་ཤིང་། རྫོང(ཆུས)ཁག་གི་ཏང་སྲིད་འགོ་ཁྲིད་བློ་མཐུན་གྱིས་བརྙན་ལམ་བརྒྱུད་ནས་ཚོགས་འདུར་ཟུར་ཞུགས་གནང་ཡོད།

ལས་ཀའི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གསུམ་པ་ཡིས་ཉིན་20སྤྱད་དེ་བཅའ་སྡོད་བྱས་ནས་ལྟ་ཞིབ་བྱ་རྒྱུ་ཡིན་པ་དང་། བཅའ་སྡོད་བྱེད་རིང(2023ལོའི་ཟླ་9ཚེས་8ཉིན་ནས་ཟླ་9ཚེས་27ཉིན་བར)བདག་སྤྲོད་ཁ་པར་ཏེ། 0895-4848387དང་། སྦྲག་སྲིད་ཡིག་སྒམ་སྟེ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཨངA003ཡིག་སྒམ་ཆེད་དུ་འཛུགས་རྒྱུ་ཡིན་པར་མ་ཟད། ལྟ་ཞིབ་ཚོགས་ཆུང་གིས་ཐེར་འདོན་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་09:00ནས་21:00བར་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་དང་ལྟ་ཞིབ་ཚོགས་ཆུང་གི་འགན་འཁྲི་གཞིར་བཟུང་། རང་སྐྱོང་ལྗོངས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གསུམ་པ་ཡིས་གཙོ་བོ་ཆབ་མདོ་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་འབྱོར་ཡིག་དང་། ཁ་པར། ཡིག་སྐུར་ངོ་གཏུག ཐེར་འདོན་བཅས་བདག་སྤྲོད་བྱ་རྒྱུ་དང་། དེ་མིན་བདག་སྤྲོད་བྱེད་ཁོངས་སུ་མ་གཏོགས་པའི་ཡིག་སྐུར་ངོ་གཏུག་གི་ཐེར་འདོན་གནད་དོན་རྣམས་གཏན་འབེབས་ལྟར་ཆབ་མདོ་གྲོང་ཁྱེར་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་རྒྱུ་ཡིན་པ་རེད།