འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས4ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་སྲིད་གྲོས་ཀྱིས་ཏང་ཙུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་ལ་གསན་སྐབས་ཀྱི་གསུང་བཤད་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་ཡིས་ཚོགས་འདུར་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཧུའུ་ཏན་ཧྥུའུ་ཡིས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློའི་དོན་སྙིང་སྟངས་འཛིན་བྱེད་པའི་ཐད་ཤུགས་སྣོན་རྒྱག་དགོས། སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱས་ནས་ལྟེ་བར་ཞབས་འདེགས་ཞུ་བའི་ཁྱོན་ཡོངས་ལ་ཤུགས་རྒྱག་དགོས། སློབ་སྦྱོང་དྲིལ་བསྒྲགས་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་གྲོང་ཁྱེར་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱས་ཏེ་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་དགོངས་དོན་གྲོང་ཁྱེར་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་སུ་བློ་ལ་ཟུག་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་འཕྲིན་ལས་དང་། ཚེ་རིང་དོན་གྲུབ། ཀྲང་དབན་ལི་བཅས་ཚོགས་འདུར་ཞུགས་ཡོད།

