འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཞོན་ནུ་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན། གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་ཡོད་ལ། ཁྱིམ་ཚང་ཞིག་གི་འཆམ་མཐུན་དང་བདེ་སྐྱིད་ཡོང་བར་འབྲེལ་ཡོད། གཞོན་ནུ་ལོ་ཆུང་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད། ཆབ་མདོ་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གིས་གྲོང་ཁྱེར་ཐད་གཏོགས་སློབ་གྲྭ་དང་རྫོང་ཆུས་བཅུ་གཅིག་གི་སློབ་མའི་འཐུས་མི་དང་གྲོང་ཁྱེར་དུས་རབས་གསར་པའི་ལོ་ཆུང་བཟང་པོའི་བྱ་དགའ་ཐོབ་མཁན་གྱི་འཐུས་མི་70ལྷག་སྒྲིག་འཛུགས་བྱས་ཏེ་ཇ་རྟའི་གློག་བརྙན་གླིང་དུ་གློག་བརྙན་བལྟས་ཡོད།

