国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年09月08日

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུ་ཤེས་བརྟན་པོ་བཙུགས་ནས། ཆབ་མདོའི་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་ཧུར་ཐག་རྩོམ་དགོས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས6ཉིན་ངེད་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ་ཐེངས་33པའི་འགོ་ཚུགས་མཛད་སྒོ་དང་2023ལོའི་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་དྲིལ་བསྒྲགས་གླུ་གཞས་བཀྲམས་པའི་མཛད་སྒོ་སྤེལ་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་ལིས་ཧྲི་ཅང་གིས་ཤིས་ཚིག་ཕུལ་བ་དང་། གྲོང་སྤྱི་གཞོན་པ་ཝུའུ་ཅན་གྱིས་མཛད་སྒོ་གཙོ་སྐྱོང་ཞུས་ཡོད།

ལིས་ཧྲི་ཅང་གིས་ཆབ་མདོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་འདིས་ཀྲུང་གོ་ཁྱད་ཆོས་ཀྱིས་མི་རིགས་གནད་དོན་གྱི་བགྲོད་ལམ་ནི་མཐའ་གཅིག་ཏུ་ཡང་དག་པ་ཞིག་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མི་རིགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ནི་མཐའ་གཅིག་ཏུ་ཡང་དག་པ་ཞིག་ཡིན་པ་བདེན་དཔང་གང་ལེགས་བྱས་ཡོད་ཞེས་བསྟན།