国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年09月08日

ཆབ་མདོ་གྲོང་ཁྱེར་གྱིས་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་རྟེན་གཞིར་ལྟ་སྐོར་བྱས་པ།

འདི་ནི་ལྟ་སྐོར་བྱེད་སའི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས2ཉིན་ཆབ་མདོ་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གིས་དགེ་རྒན་དང་གཞོན་ནུ་ལོ་ཆུང་སློབ་མ90ལྷག་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་སྟོན་སློབ་གསོའི་རྟེན་གཞི་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སྤུས་ཚད་སློབ་གསོའི་སྤྱི་ཚོགས་ལག་ལེན་རྟེན་གཞི་སྟེ་ཆབ་མདོ་གྲོང་ཁྱེར་ལོ་རྒྱུས་བཤམས་སྟོན་ཁང་དུ་ལྟ་སྐོར་བྱས་ཡོད་པ་རེད། ཐེངས་འདིའི་བྱེད་སྒོ་ཡིས་གཞོན་ནུ་ལོ་ཆུང་སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྔར་བས་ཤུགས་སྣོན་དང་། གསར་བརྗེའི་རྗེས་ཤུལ་འཚོལ་བ། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན། མདུན་སྐྱོད་ཀྱི་སྟོབས་ཤུགས་ལ་ངར་ཤུགས་སྦྱིན་ཡོད་པ་རེད།