国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年09月08日

གྲོང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)2023ལོའི་སྟོན་དུས་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས5ཉིན་གྱི་སྔ་དྲོ་གྲོང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)2023ལོའི་སྟོན་དུས་སློབ་འགོ་ཚུགས་པའི་མཛད་སྒོ་དེ་གྲོང་ཨུད་ཏང་གི་སློབ་གྲྭའི་སྙན་ཞུ་ཁང་དུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཝང་ཡ་ཏུང་གིས་རྒྱ་ཆེའི་གསོ་སྦྱོང་ནང་ཞུགས་མཁན་སློབ་མས་འགོ་ཁྲིད་ལས་བྱེད་པ་ནས་སློབ་མ་དཀྱུས་མའི་བར་འགྱུར་ལྡོག་གཏོང་བ་དང་། ལས་ཀའི་རྣམ་པ་ནས་སློབ་སྦྱོང་ཞིབ་འཇུག་བར་འགྱུར་ལྡོག་གཏོང་བ། དུས་རྒྱུན་གྱི་འཚོ་བ་ནས་མཉམ་སྡེབ་འཚོ་བའི་བར་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་ད་རེས་ཀྱི་རྩ་ཆེའི་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་དང་སྒྲིག་ཁྲིམས་ཁག་ལ་བརྩི་སྲུང་ནན་པོ་ཞུས་ནས་སྤུས་ཚད་མཐོ་པོས་སློབ་སྦྱོང་གི་ལས་འགན་ཁག་ལེགས་སྒྲུབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་པོ་དང་།ཏང་གཤིས་སྦྱོང་བརྡར། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་ཐད་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོབ་པར་ཧུར་ཐག་བྱེད་པ་དང་། དོན་དངོས་ཀྱི་ཐོག་ནས་སྦྱངས་ནས་བསམ་གཞིག་ཐུབ་པ་དང་། སྦྱངས་ནས་གོ་རྟོགས་སད་པ། སྦྱངས་ནས་འབྲས་བུ་ཐོན་པ་བཅས་བྱེད་དགོས་རྒྱུའི་རེ་བ་བཏོན་ཡོད།