འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས་4ཉིན། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་གསུང་བཤད་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་“གཏན་འཁེལ་གཉིས”ལ་བློ་གཅིག་སེམས་གཅིག་གིས་གོང་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དེ་དུས་རབས་གསར་པའི་བོད་ཀྱི་ཆོས་ལུཌ་ལས་དོན་ཡག་པོ་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་སོ་སོ་ནས་མངོན་པར་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དེ་བས་ཆེ་བའི་སྟོབས་ཤུགས་ཀྱི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་དེ་བས་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཡ་ཏུང་དང་། ཝེ་ཤུའི་ཀུའེ། ལིས་གོ་ཅན། ཝུའུ་དབྱིང་ཧུའེ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས་བཅས་ཚོགས་འདུར་ཞུགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་ལིས་ཧྲི་ཅང་གིས་ཉེ་བའི་ལོ་ལྔའི་རིང་གི་གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་དོན་སྙན་སེང་ཞུས་ཡོད།
ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་ནས་དར་ཆ་གསལ་སྟོན་དང་བབ་བསྟུན་མདུན་སྐྱོད་ངང་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་བཏོན་པ་དེས་ང་ཚོས་དུས་རབས་གསར་པར་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་འགྲེང་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཁ་ཕྱོགས་སུ་བརྩི་བ་ལ་བརྟེན་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དང་། ཆབ་མདོར་རྟོག་ཞིབ་གནང་སྐབས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་ཐད་འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས་ཞེས་བཏོན་གནང་ཡོད། ཉེ་བའི་ལོ་ཤས་རིང་གྲོང་ཨུད་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང“ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་ཞིག་ཏུ་བརྩི་བ་དང་།“འཆམ་མཐུན”གྱི་ཆོས་ཉིད་དང་“ཁྲིད་སྟོན”གྱི་བྱེད་ཐབས་སྟངས་འཛིན་བྱ་རྒྱུར་སྣང་ཆེན་བྱེད་པ། དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་པོ་་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཏང་དང་ཆོས་ལུགས་ལས་རིགས་བར་གྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དུ་བཏང་བས་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད་ཞེས་བསྟན།
ཀུང་ཧུའེ་ཚའེ་ཡིས་“ཁྲིད་སྟོན”གྱི་བྱ་ཐབས་ལེགས་པོར་སྤྱད་དེ་བསམ་བློའི་དྲག་ཆས་ཆེ་རུ་གཏོང་བ་དང་རྩ་བ་བརྟན་པོ་འཛུགས་དགོས།“འཆམ་མཐུན”གྱི་དམིགས་ཚད་དམ་པོར་དམིགས་ཏེ་ཉེན་ཟོན་སྔོན་འགོག་དང་བརྟན་ལྷིང་འགན་ལེན་བྱེད་དགོས།“དོ་དམ”གྱི་གཙོ་གནད་དམ་པོར་དམིགས་ཏེ་ཡུན་རིང་གི་སྒྲིག་སྲོལ་འཐུས་ཚང་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས།“དམ་ནན”གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སློབ་གསོ་དམ་ནན་གཏོང་རྒྱུར་སྐུལ་འདེད་དང་སྣང་བརྙན་འཛུགས་དགོས།“མིའི་”འགག་རྩ་མངོན་པར་བྱས་ཏེ་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་དང་འདེགས་སྐྱོར་གཞི་མ་བྱེད་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་དོན་འཁྱོལ་དམ་འཛིན་དང་། སློབ་སྦྱོང་གཏིང་ཟབ་བྱས་ཏེ་དོན་འཁྱོལ་དམ་འཛིན། གཙོ་གནད་དམ་པོར་དམིགས་ཏེ་དོན་འཁྱོལ་དམ་འཛིན་བཅས་བྱས་ནས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་གཙོ་གནད་ལས་འགན་སྟངས་འཛིན་ནན་པོ་དང་། ཚན་རིག་དང་མཐུན་པའི་ངང་ལས་ཀའི་བསམ་ཕྱོགས་འཆར་འགོད། ལས་ཀའི་ལམ་སྲོལ་འཐུས་ཚང་ནུས་ལྡན། ལས་ཀའི་བྱ་ཐབས་གནད་སྨིན་བཟོ་བ་བཅས་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་ལ་བཀོད་སྒྲིག་དང་། བྱ་ཐབས། དོན་འཁྱོལ་བཅས་ཡོད་པའི་འགན་ལེན་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

