འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་25ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཀྲུང་གོ་རྡོ་སྣུམ་ལྷོ་ནུབ་སྣུམ་ཞིང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏུང་ཧོན་ཀྲུང་དང་བཅས་པར་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་སྤེལ་རེས་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཏུང་ཧོན་ཀྲུང་དང་བཅས་པ་ལ་དགའ་བསུ་ཞུས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི“དོན་ཆེན་བཞི”ཡག་པོ་བསྒྲུབ་རྒྱུ་དེ་བོད་ཀྱི་ལས་དོན་གྱི་འཐབ་ཇུས་ལས་འགན་ལ་བརྩིས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་གཏན་འཁེལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་རྒྱུར་དམིགས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་བྱེད་པའི་སྤྱིའི་གཞི་འཛིན་ས་ཞིག་རེད། གྲོང་ཨུད་ཀྱིས་བོད་ཤར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འབུངས་ཡར་བརྩོན་དང་། དངོས་སྒྲུབ་དངོས་སྒྲུབ་བྱས་པར་བརྟེན་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་དང་། དྭངས་གཙང་ནུས་རྒྱུ་སྟོབས་ཆེར་འགྲོ་བ། མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ། མི་རིགས་མཐུན་སྒྲིལ་དེ་བས་སྲ་བརྟན་བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཞེས་གསུངས།
ཀུང་ཧུའེ་ཚའེ་ཡིས་མིག་སྔར་ཆབ་མདོ་གྲོང་ཁྱེར་གྱིས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆབ་མདོར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཤུགས་ཆེན་བྱས་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་དང་བོད་ཤར་རྒྱུད་ཀྱི་དྭངས་གཙང་ནུས་རྒྱུའི་གསར་སྤེལ་ཁུལ་བསྐྲུན་རྒྱུར་གཞི་ཚུགས་པ་དང་། ཁྲོན་བོད་ལྕགས་ལམ་གྱི་དཔལ་འབྱོར་ཁུལ་དང་ཇ་རྟའི་གཞུང་ལམ་གྱི་དཔལ་འབྱོར་རིག་གནས་ཡུལ་སྐོར་ཁུལ་བཀོད་སྒྲིག་བྱེད་པ།《ཆབ་མདོ་གྲོང་ཁྱེར་གྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་སྔོན་ལ་འཆར་འགོད་(2022ལོ་ནས་2026ལོ་བར)》ལ་དམིགས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་དང་། ལྗང་མདོག་བཟོ་ལས། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་རྡོ་སྣུམ་ཁེ་ལས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཀྲུང་གོའི་རྡོ་སྣུམ་ལྷོ་ནུབ་སྣུམ་ཞིང་ཀུང་སིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཆབ་མདོའི་ཐོན་ཁུངས་ཀྱི་ལེགས་ཆ་དང་རྗེས་ཐོན་ལེགས་ཆར་གཞི་ཚུགས་ཏེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པ་འཚོལ་ཞིབ་ཏན་ཏིག་བྱས་ནས་ཆབ་མདོར་འབྲེལ་ཡོད་ཐོན་ལས་བཀོད་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད།
ཏུང་ཧོན་ཀྲུང་གིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོ་རྡོ་སྣུམ་ལྷོ་ནུབ་སྣུམ་ཞིང་ཀུང་སིར་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀུང་སིས་རང་ངོས་ཀྱི་ལག་རྩལ་དང་། མ་དངུལ། དཔུང་ཁག་བཅས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ནས་ཆབ་མདོའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ནང་ཧུར་ཐག་ཞུགས་ཏེ་ས་གནས་ཀྱི་སྣུམ་རླངས་མཁོ་སྤྲོད་འགན་ལེན་དང་ཁེ་ལས་དང་ས་གནས་མཉམ་སྐྲུན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།
གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའུ་དབྱིང་ཧའེ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅ་ཤིན་ཡུས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།