国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月29日

གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་ མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས26ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། 《ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཞིབ་ཕྲའི་བྱ་ཐབས་དང་དེ་བཞིན་ཁག་བགོས་ཇུས་གཞི》ལ་ཞིབ་འཇུག་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོར་བཅངས་པའི་བྱམས་བརྩེའི་ཐུགས་ཁུར་དང་། རེ་བཅོལ་ཟབ་མོ། འབད་འཐབ་མདུན་སྐྱོད། དོན་འཁྱོལ་དམ་འཛིན་བཅས་ལ་གོ་བ་ཟབ་མོ་བླངས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་མཛུབ་སྟོན་བླང་བྱ་དེ་ཉིད་ཆབ་མདོར་རྩ་བ་བརྟན་ཚུགས་དང་འབྲས་བཟང་ཐོབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་། ལག་བསྟར་བཅས་གཏིང་ཟབ་བྱེད་པའི་འགག་རྩའི་དུས་སྐབས་སུ། ཟླ་8ཚེས་13ནས་17ཉིན་བར། ཧྲུའུ་ཅི་ཝང་ཅུན་ཀྲེང་ངེད་གྲོང་ཁྱེར་གྱི་དཔའ་ཤོད་དང་། མཛོ་སྒང་། སྨར་ཁམས། གོ་འཇོ། འཇོ་མདའ་རྫོང་བཅས་དང་། ཁ་རུབ་ཆུས་བཅས་སུ་ཕེབས་ནས་ཆབ་མདོའི་བརྟན་ལྷིང་སྲུང་སྐྱོབ་དང་། གྲོང་གསེབ་དར་རྒྱས། ཐོན་ལས་འཕེལ་རྒྱས། རྣམ་གྲངས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། གཞི་རིམ་ཏང་འཛུགས་སྐྱོང་། མང་ཚོགས་ཀྱི་འབབ་སྒོ་འཕར་བ། མི་རིགས་ཆོས་ལུགས་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་དང་མཛུབ་སྟོན་གནང་བ་དང་། ཆབ་མདོའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་པའི་ཁར། གནས་བབ་གསར་པའི་འོག་གི་ཆབ་མདོའི་ལས་དོན་ཡག་པོ་སྒྲུབ་པའི“མཐའ་འཁྱོངས་བྱེད་པ་བཞི”དང“འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་པ་ལྔའི”བཀོད་སྒྲིག་བླང་བྱ་ཁ་གསལ་བཏོན་ཡོད། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་གསུང་བཤད་དང་མཛུབ་སྟོན་རབ་དང་རིམ་པ་ནང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱིས་ཆབ་མདོའི་ལས་དོན་ཚད་མཐོའི་མཐོང་ཆེན་དང་ཆབ་མདོའི་མི་དམངས་ལ་བཅངས་པའི་ཐུགས་ཁུར་ཟབ་མོ་བཅས་གང་ལེགས་མངོན་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོར་བཅངས་པའི་ཐུགས་ཁུར་ཟབ་མོ་གོ་བ་ལེན་པ་དང་། སྤོབས་པ་ཆེར་སྐྱེད་དང་། ངར་ཤུགས་གཅིག་སྒྲིམ་བཅས་བྱས་ཏེ། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་ཁས་ལེན་དང་རེ་བཅོལ་དེ་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ནས་ལུས་ཚུགས་པ་དང་སེམས་གནས་པ་བྱས་ནས་ཆབ་མདོའི་ཁྱབ་ཁོངས་ལ་གཟི་བརྗིད་སྣོན་པ་དང་ལྗོངས་ཡོངས་ཀྱི་ཁྱོན་ཡོངས་ལ་དེ་བས་བཀྲག་མདངས་བསྣན་དགོས་པའི་ནན་བཤད་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་ཐད་འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས། མི་རིགས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་ཐད་འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་ཐད་འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས། དམངས་འཚོར་འགན་ལེན་དང་ལེགས་གཏོང་ཐད་འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོར་བསྐྲུན་པའི་ཐད་འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།