国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月29日

ཧྥུའུ་ཅན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་ཝང་ཅན་ཕུའུ་ཡིས་ཆབ་མདོར་ཕེབས་ཏེ་བོད་སྐྱོར་ལས་བྱེད་པར་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་24ནས་ཚེས་25ཉིན་བར་ཧྥུའུ་ཅན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་ཝང་ཅིན་ཕུའུ་ཡིས་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་དང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་སོགས་འབྲེལ་ཡོད་ལས་དོན་མི་སྣ་ཁྲིད་དེ་ཆབ་མདོའི་བོད་སྐྱོར་ལས་བྱེད་པར་འཚམས་འདྲི་གནང་བ་མ་ཟད་ཁ་གཏད་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་ཀྱང་གནང་ཡོད།

ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ལུའི་གོ་ཅན་གྱིས་མཉམ་དུ་བརྟག་ཞིབ་གནང་ཡོད། ཝང་ཅིན་ཕུའུ་ཧྥུའུ་ཅན་གྱི་ལས་ཤག་ཏུ་ཕེབས་ནས་ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་འཚམས་འདྲི་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་དོན་དང་འཚོ་བའི་གནས་ཚུལ་དེ་བཞིན་གཟུགས་པོའི་གནས་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད།

ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཁོ་ཚོའི་དཀའ་སྤྱད་ལས་དོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཝང་ཅིན་ཕུའུ་ཡིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་བོད་སྐྱོར་ལས་དོན་གྱི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ཁུར་ནས“བོད་སྐྱོར་གྱི་སྙིང་སྟོབས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་སྟེ་དམ་པ་དོན་གཉེར་དང་། མཐུན་སྒྲིལ་འབད་འཐབ། ཚད་གཞི་མཐོ་པོ། སྤུས་ཚད་མཐོ་པོས་བོད་སྐྱོར་ལས་འགན་ཁག་ལེགས་སྒྲུབ་བཅས་བྱས་ཏེ་ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་གཟུགས་བརྙན་བཟང་པོ་ཞིག་བཙུགས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་ཆེད་ཧྥུའུ་ཅན་གྱི་སྟོབས་ཤུགས་ལེགས་སྐྱེས་གསར་པ་འབུལ་དགོས་རྒྱུའི་བླང་བྱ་བཏོན་ཡོད།

ཝང་ཅིན་ཕུའུ་ཡིས་ད་དུང་ཧྥུའུ་ཅན་གྱི་བོད་སྐྱོར་འགྲེམས་སྟོན་ལྟེ་གནས་དང་། ཆབ་མདོ་གྲོང་ཁྱེར་ལོ་རྒྱུས་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་གཉིས་པ། ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་། ཆབ་མདོའི་ཁ་རུབ་ཕྱོགས་བསྡུས་འགྲིམ་འགྲུལ་འགྲུལ་སྐྱེལ་ལྟེ་བའི་ས་ཚིགས། ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་སོགས་ལ་བརྟག་ཞིབ་བྱས་པ་རེད།