国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月15日

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས་ཕྱི་རྒྱལ་གྱི་མ་དངུལ་འགུག་ཤུགས་ཆེ་རུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས་ཕྱི་རྒྱལ་གྱི་མ་དངུལ་འགུག་ཤུགས་ཆེ་རུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ཏེ། སྔར་ལས་ལྷག་པར་རྒྱལ་ནང་རྒྱལ་སྤྱི་ཁྱོན་ཡོངས་གཉིས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱས་ནས། རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་ཚོང་རའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། སྔར་ལས་ཤུགས་ཆེ་བ་དང་སྔར་ལས་ཕན་འབྲས་ལྡན་པའི་སྒ་ོནས་ཕྱི་རྒྱལ་གྱི་མ་དངུལ་ཚུར་འགུགས་དང་བེད་སྤྱོད་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན།

ཕྱོགས་དྲུག་གི་ངོས་ནས་སྲིད་ཇུས་དང་བྱེད་ཐབས་ཉེར་བཞི་དངོས་སུ་བཏོན་པ་སྟེ། གཅིག་ནས་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། གཙོ་གནད་ཁྱབ་ཁོངས་སུ་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་ལ་འགན་སྲུང་བྱས་ནས། འདྲ་མཉམ་ངང་རྒྱབ་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས། གསུམ་ནས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་རྐྱེན་སྲོལ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་ལ་སྲིད་འཛིན་གྱི་ངོས་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་དངུལ་གཏོང་ཚོང་གཉེར་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ལས་བཟོ་པའི་གནས་སྡོད་སྲིད་ཇུས་སྔར་ལས་ཇེ་ལེགས་སུ་གཏོང་དགོས། ལྔ་ནས་ནོར་སྲིད་དཔྱ་ཁྲལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲུག་ནས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་ཡར་སྐུལ་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་དགོས།