国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月11日

ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་གྱིས་ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་འདེབས་འཛུགས་དང་གསོ་ཚགས་བྱེད་པ་དེ་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོའི་འཁྱགས་རོམ་མཚོའི་གླ་ཚེར་ར་ནག་པོ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས“མཉམ་ལས་ཁང་+རྟེན་གཞི་+ཞིང་དུད”ཀྱི་གསོ་ཚགས་བྱེད་སྟངས་སྤྱད་པ་བརྒྱུད། ར་ནག་པོའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ས་གནས་དེ་གའི་མང་ཚོགས་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ནུས་ལྡན་ཐུབ་ནས་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད་ནུས་པ་ཆེ་རུ་བཏང་ཡོད། འདི་ནི་ཕུ་ཡུལ་གྲོང་ཚོ་དང་པོའི་འཁྱགས་རོམ་མཚོའི་གླ་ཚེར་ར་ནག་པོ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ར་ནག་པོ་ཡིན་པ།