འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བུད་མེད་དང་བྱིས་པ་དང་དེ་བཞིན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་གུང་གསེང་རིང་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་བྱེད་སྒོ་ཐུན་མོང་ཐོག་ཡག་པོ་སྤེལ་བ་དང་རྒྱ་ཆེའི་བྱིས་པར་བདེ་ཐང་སྲུང་སྐྱོང་དང་བརྩེ་སེམས་ཟབ་ལ་སེམས་གསོ་གཏོང་བའི་སྤྲོ་སྐྱིད་གུང་གསེང་ཞིག་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ནས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་སུ“ལོ་ཆུང་གཞོན་ནུའི་སེམས་པ་ཏང་ལ་ཕྱོགས། བདེ་ཐང་ངང་ནས་འཚར་ལོངས་ཡོང་བར་འབད”ཅེས་པའི་གུང་གསེང་གི་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་ཁྱིམ་ཚང་110ལྷག་ཙམ་བྱེད་སྒོར་ཞུགས་ཡོད།
བྱེད་སྒོ་སྤེལ་རིང་ཆབ་མདོ་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་གི་རིགས་གཅིག་མཁས་ཅན་གྱིས་བྱིས་པའི་གཟུགས་པོའི་རིང་ཚད་དང་། གཟུགས་པོའི་ལྗིད་ཚད། འཚོ་བཅུད་བདེ་སྲུང་། ཁའི་བདེ་ཐང་སོགས་ཀྱི་ཐད་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་པ་རེད།

