འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས9ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་པ་རེད། ཚོགས་འདུར་ཕེབས་དགོས་པའི་མི་གྲངས50དང་། དངོས་སུ་མི40ཕེབས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཧུའུ་ཏན་ཧྥུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་ཚོས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ“གཏན་འཁེལ་གཉིས”ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས“སྲུང་སྐྱོང་གཉིས”ལག་ལེན་མཐའ་གཅིག་ཏུ་བསྟར་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། འབྲེལ་ཡོད་མི་དོན་དོན་གནད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། གྲོང་ཁྱེར་སྲིད་གཞུང་གིས་2023ལོའི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
ཉིན་དེའི་ཕྱི་དྲོ། ཚོགས་ཞུགས་མི་སྣས་ད་དུང་ཁ་རུབ་ཆུས་ཁ་རུབ་གྲོང་ཚོར“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི”ཨུ་ཡོན་གྱི་ལྟ་ཞིབ་བྱེད་སྒོ་སྤེལ་ནས་ཆབ་མདོའི་གྲོང་ཁྱེར་སྲིད་གྲོས་འཕེལ་རྒྱས་ལོ་རྒྱུས་བཤམས་སྟོན་ཁང་ལ་ལྟ་སྐོར་བྱས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་བཤམས་སྟོན་ཁང་འཛུགས་སྐྲུན་ལས་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་ལི་ཧྲི་ཅང་དང་། གྲོང་ཁྱེར་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཐུའུ་དགའ་དང་། ཚེ་རིང་དོན་གྲུབ།དབྱང་དབྱིན། ཀྲང་དབན་ལི། ཧྲི་ཀྲང་གཞོན་པ་ཝུའུ་ཅན་བཅས་ཚོགས་འདུར་ཞུགས་ཡོད།

