འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་7ཉིན་གྱི་སྔ་དྲོར་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པ་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ར་འོག་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞབས་ཞུ་ལྟེ་གནས་སུ་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་འགོ་ཚུགས་ཞབས་བྲོ《ཚོན་མདངས་རྣམ་པར་བཀྲ་བའི་རི་མོ》ཞེས་པའི་ཁྲོད་འགོ་ཚུགས་པ་དང་། ལེའུ་བཞི་པོའི་ནང་སྣོད་བཅུད་ཀྱི་དཔའ་ཤོད་དང་། གསར་བརྗེའི་དཔའ་ཤོད། རིག་གནས་ཀྱི་དཔའ་ཤོད། སྔོ་ལྗང་གི་དཔའ་ཤོད་བཅས་བརྗོད་དོན་གཙོ་བོར་བྱས་ནས་དཔའ་ཤོད་ཀྱི་ལོ་རྒྱུས་རིག་གནས་དང་། འཁྱགས་རོམ་གྱི་བརྗོད་དོན་གཙོ་བོའི་རིག་གནས། བོད་ཀྱི་རིག་གནས། མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་སོགས་ཁམས་པའི་རིག་གནས་གཞི་རྒྱུ་འགྲེམས་སྟོན་བྱས་པ་དང་སྣ་མང་ཐོག་ནས་དཔའ་ཤོད་ཀྱི་ཡུལ་སྐོར་སྤུས་རྟགས་བཏོད་ཡོད་པ་རེད།
ཐེངས་འདིའི་བྱེད་སྒོ་ཀྲུང་གུང་དཔའ་ཤོད་རྫོང་ཨུ་ཡོན་ལྷན་ཁང་དང་། དཔའ་ཤོད་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། དཔའ་ཤོད་རྫོང་ཡུལ་སྐོར་འཕེལ་རྒྱས་ཅུད་དང་རིག་གནས་ཅུད། སློབ་གསོ་ཅུད་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་སྒྲུབ་པ་ཞིག་ཡིན།
ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཉིན་གསུམ་ཡིན་པ་དང་། “སྤྲོ་སྤྲོའི་ཁམས་པ། སྔོ་ལྗང་དཔའ་ཤོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་དཔའ་ཤོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་བཏང་སྟེ། ས་ཁོངས་ཀྱི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

