འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱིས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་བློ་གཤོགས་ཆེན་པོས“12345”ཡི་ཞུ་འབྱོར་འཕྲལ་སྒྲུབ་སྒྱུར་བཅོས་ལག་བསྟར་བྱས་པས་“12345”
ཐད་སྦྲེལ་ཁ་པར་དང་དེ་བཞིན་དྲ་རྒྱའི་ལས་སྟེགས་ཀྱི་ཐབས་ལམ་གཙོ་བོར་བྱས་པའི་མང་ཚོགས་དང་ཁེ་ལས་ཀྱི་རེ་ཞུ་དང་ལེན་མགྱོགས་པོ་བྱེད་པ་དང་། ལས་ཕྱོད་ཆེན་པོས་སྒྲུབ་པ། དུས་ཐོག་ཏུ་ཨ་ལན་སློག་པ། རང་འགུལ་ངང་བཅོས་སྒྲིག་བཅས་བྱེད་པའི་ལམ་སྲོལ་གསར་པ་ཞིག་རིམ་བཞིན་ཆགས་ནས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་མང་པོ་ཞིག་ཐག་གཅོད་ཏན་ཏིག་བྱས་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས“སྤྱི་ཡོངས་མཉམ་འཇུག་དང་། ཨང་གྲངས་གཉིས་མཉམ་དུ་སྤྱོད་པ། ཡན་ལག་ལྟེ་གནས་འཛུགས་པ”བཅས་ཀྱི་བྱེད་ཐབས་གསུམ་བརྒྱུད་ཐད་སྦྲེལ་ཁ་པར་4གཅིག་ཏུ་བསྒྲིལ་ནས་དམངས་འཚོའི་རེ་ཞུའི་ཁ་པར་ཨང་གྲངས་གཅིག་ནས་བདག་སྤྲོད་ཐུབ་པར་བྱས་ཡོད། དེ་སྔའི་བདག་སྤྲོད་ཐབས་ལམ་གྱི་རྨང་གཞིའི་ཐོག་ད་དུང“12345”སྐད་འཕྲིན་སྤྱི་རྟགས་དང་སྲིད་གཞུང་དྲ་ཚིགས་ཀྱི“སྲིད་གཞུང་ལས་དོན་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན”ལེ་ཚན་སོགས་ཐབས་ལམ་མང་དུ་བཏང་ཡོད། ཚན་རྩལ་འདེགས་སྐྱོར་དང་བརྒྱུད་རིམ་ལེགས་སུ་གཏོང་ཆེད། “12345”ཡི་ཞུ་འབྱོར་འཕྲལ་སྒྲུབ་ཀྱི་གྲངས་འཛིན་ཅན་གྱི་ལྟ་སྐུལ་དོ་དམ་ལས་སྟེགས་བསྐྲུན་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྲིད་གཞུང་ཁག་གི་གྲུབ་ཆའི་སྡེ་ཚན་དང་རྫོང(ཆུས)ཚང་མར་ཁྱབ་ནས་མང་ཚོགས་ཀྱི་རེ་ཞུ“ཨང་གྲངས་གཅིག་ནས་བདག་སྤྲོད་བྱེད་པ”དང“ལས་སྟེགས་གཅིག་ནས་སྒྲུབ་པ”མངོན་འགྱུར་བྱུང་བ་མ་ཟད། གཉེར་ལེན་དང་། སྒྲུབ་སྤྲོད། སྒྲུབ་སྐུལ། བཅར་ལན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་འབྲེལ་མཐུད་ཐུབ་པའི་ཞིབ་ཕྲའི་ཚད་གཞི་བཟོས་ཏེ་ཕྱོགས་ཡོངས་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད།

