国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月11日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིཚོགས་འདུ་གཙོ་སྐྱོང་གནང་བ།་

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས9ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་གྲོང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་སྐབས་གཉིས་པའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ཞིང་། ཁོང་གིས་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩིས་བཤེར་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཞིབ་ཕྲའི་བཀོད་སྒྲིག་བླང་བྱ་ལྟར། རྩིས་བཤེར་ལྟ་སྐུལ་གྱི་འགན་འཁྲི་ཁྲིམས་ལྟར་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་། རྩིས་བཤེར་དག་ཐེར་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ། སྤུས་ཚད་མཐོ་བའི་རྩིས་བཤེར་ལ་བརྟེན་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཨུད་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅ་ཤིན་ཡུས་ཚོགས་འདུར་ཞུགས་ཡོད།ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།

2021ལོ་ཚུན་དུ་རྩིས་བཤེར་བྱེད་སྐབས་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་ཚུལ་དང་གྲོང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ཁང་གི2022ལོའི་ལོ་འཁོར་གྱི་ལས་དོན་ཕྱོགས་བསྡོམས་དང་2023ལོའི་རྩིས་བཤེར་གྱི་གཙོ་གནད་ལས་དོན་ལ་གསན་ཡོད།ཀུང་ཧུའེ་ཚའེ་ཡིས་རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད།ཆབ་སྲིད་ཀྱི་རང་རྟོགས་ཤུགས་ཆེར་གཏོང་བའི་མཐོ་ཚད་ནས་རྩིས་བཤེར་གྱི་ཁ་ཕྱོགས་སྟངས་འཛིན་བར་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་གང་དུ་ཡོད་ན་རྩིས་བཤེར་ལྟ་སྐུལ་དེ་གར་སླེབས་ཐུབ་པ་བྱེད་པ་དང་། གྲོང་ཨུད་ཀྱིས་ལས་དོན་གཙོ་གནད་གང་ཞིག་དམ་འཛིན་བྱེད་པ་དང་རྩིས་བཤེར་གྱིས་གང་ཞིག་ཞིབ་བཤེར་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལག་བསྟར་བྱེད་དགོས། བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་མཐོ་ཚད་ཐོག་ནས་རྩིས་བཤེར་ལས་དོན་ལ་ཞིབ་ལྟ་ཟབ་མོ་བྱས་ཏེ། རྩིས་བཤེར་གྱིས་ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་དང་། ནོར་སྲིད་མ་དངུལ་གྱི་བེད་སྤྱོད་ཕན་འབྲས་མཐོར་འདེགས་སུ་གཏོང་བ། སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བཅས་ཀྱི་ནུས་པ་གལ་ཆེན་སྔར་ལས་འདོན་སྤེལ་གང་ལེགས་བྱས་ཏེ་རྩིས་བཤེར་ལྟ་སྐུལ་ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་ཕན་ནུས་སུ་ཏན་ཏིག་བསྒྱུར་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྱོན་ཡོངས་ནས་རྩིས་བཤེར་གྱི་འགན་ནུས་ཆེ་རུ་བཏང་སྟེ“དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞི”དམ་པོར་དམིགས་པ་བཅས་བྱས་ཏེ་རང་རྟོགས་ངང་རྩིས་བཤེར་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་བཀོད་སྒྲིག་སྐུལ་འདེད་བཏང་ཐོག་སྤུས་ཚད་མཐོ་བའི་རྩིས་བཤེར་ལ་བརྟེན་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་རྩིས་བཤེར་ལ་དམ་འཛིན་བྱེད་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་རྩིས་བཤེར་ལ་དམ་འཛིན་བྱེད་དགོས། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་རྩིས་བཤེར་ལ་དམ་འཛིན་བྱེད་དགོས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་རྩིས་བཤེར་ལ་དམ་འཛིན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམིགས་ནས་རྩིས་བཤེར་ལ་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་ཡོད།