འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས7ཚེས9ཉིན་བར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཚོང་དོན་ཅུས་དང་། གྲོང་ཁྱེར་བསྡོམས་རྩིས་ཅུས། རྒྱལ་ཁབ་བསྡོམས་རྩིས་ཅུས་ཆབ་མདོ་བརྟག་དཔྱད་རུ་ཁག་བཅས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། གནད་འཕིགས་ཇུས་འདོན། བསམ་ཕྱོགས་དེ་བས་རྒྱ་ཆེ་བ་དང་། ནུས་ཤུགས་དེ་བས་ཆེ་བ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་རྒྱུར་སྐུལ་འདེད་གཏོང་བ།“མཛོད་དུ་བཅུག་ནས་སྤྱི་འདོམས་བྱེད་པའི”ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཁྱེར་ཚོང་དོན་ཅུས་སུ་ཀུང་ཧུའེ་ཡིས་གཞི་ནས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས་ནས་ད་ལོའི་ཚུན་དུ་ཚོང་དོན་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་ཡོད། གྲོང་ཁྱེར་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཆབ་མདོའི་བརྟག་དཔྱད་རུ་ཁག་ཏུ་ཀུང་ཧུའེ་ཡིས་ལས་སྒོའི་ཁོའོ་ཁག་ཏུ་ཕེབས་ཏེ་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་དམིགས་ཚད་གཙོ་བོའི་གྲངས་གཞི་བསྡོམས་རྩིས་བྱས་ཚུལ་མཁྱེན་རྟོགས་གནང་བ་དང་ལས་དོན་མི་སྣར་འཚམས་འདྲི་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་ལས་དོན་གྱི་གནས་ཚུལ་སྙན་སེང་ལ་གསན་ཡོད།
ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་བཏང་སྟེ་བསྡོམས་རྩིས་ལས་ཁུངས་ནི་དང་ཐོག་ཆབ་སྲིད་ལས་ཁུངས་ཀྱི་ངོ་བོ་ལྡན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་ཀྱི་དོན་ཆེན་ཐད་གདེང་ཚོད་ཡོད་པ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བསྡོམས་རྩིས་འགན་ནུས་ལ་གཞི་ཚུགས་པ་དང་། ལྟེ་བར་དམིགས་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་གིས་གང་ཞིག་ལ་སེམས་ཁུར་དང་། གང་ཞིག་ནན་འཛིན། གང་ཞིག་བཀོད་སྒྲིག་བྱེད་པ། གང་ཞིག་དགོས་མིན་བཅས་བྱེད་དགོས། བསྡོམས་རྩིས་ཀྱི་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབས་ཏེ་དོན་དངོས་དང་གྲངས་གཞིའི་ཐོག་ནས་སྐད་ཆ་ཤོད་པ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་ཁག་གི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དུས་ཐོག་དང་། འཕྱུགས་མེད། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ཀྱི་གྲངས་གཞི་ཁག་དུས་ཐོག་ཏུ་གཅིག་གྱུར་ཡོང་བ་བྱས་ནས་གཅིག་གྱུར་བྱེད་དགོས་རིགས་ཚང་མ་གཅིག་གྱུར་ཡོང་བ་བྱེད་པ་དང་། བདེན་པ་ཡང་དག་པ། དུས་ཐོག་ཏུ་དཔལ་འབྱོར་འཁོར་སྐྱོད་ཀྱི་རྣམ་པ་མཚོན་པ་བཅས་བྱེད་དགོས། རྫོང(ཆུས)དང་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་གྲོས་བསྡུར་དང་ཞིབ་འཇུག་བརྡར་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྫོང(ཆུས)དང་འབྲེལ་ཡོད་སྡེ་ཚན་ལ་ཁོངས་གཏོགས་ལས་རིགས་ཁེ་ལས་དང་རྣམ་གྲངས་བསྡོམས་རྩིས་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ།“ལས་རིགས་དོ་དམ་དང་བསྡོམས་རྩིས་ལ་དོ་དམ་བྱེད་པའི”འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ཁྲིམས་ལྟར་བསྡོམས་རྩིས་དང་ཁྲིམས་ལྟར་གཅིག་གྱུར་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། བསྡོམས་རྩིས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། བསྡོམས་རྩིས་ལྟ་སྐུལ་གྱིས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་དང་གཞུང་དོན་ཁང་གཉིས་ཀྱི་ལྟ་སྐུལ་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཆེ་རུ་གཏོང་དགོས། བསྡོམས་རྩིས་རྒྱག་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསྡོམས་རྩིས་རྒྱག་པའི་ལས་བྱེད་པའི་འཇོན་ནུས་དང་བྱང་ཚད་མཐོ་རུ་གཏོང་བ། བསྡོམས་རྩིས་རྒྱག་པའི་ལས་བྱེད་པས་གོ་མིང་རྒྱུགས་ལེན་པ་དང་ལས་སྒོའི་གསོ་སྐྱོང་སྦྱོང་བརྡར་བྱེད་པར་ཧུར་ཐག་གིས་ཞུགས་པར་བསྔགས་སྐུལ་བཅས་བྱས་ཏེ་གཅིག་མཁས་མང་འཇོན་ཡོང་བར་བྱ་དགོས་པའི་ནན་བཤད་གནང་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅ་ཤིན་ཡུས་བརྟག་ཞིབ་ནང་ཞུགས་ཡོད།

