国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月04日

འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཆབ་མདོའི་འདུ་ཤེས་འཛིན་སྟངས་བདེ་འཇགས་ཀྱི་མཐའ་ཚད་དང་དམར་ཐིག་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས2ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་དོན་སྲོལ་ཡིག》སོགས་ཀྱི་ཡིག་ཆའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་གནང་ཞིང་། ཁོང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་སྟེ། ཆབ་མདོའི་འདུ་ཤེས་འཛིན་སྟངས་བདེ་འཇགས་ཀྱི་མཐའ་ཚད་དང་དམར་ཐིག་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ལིས་གོ་ཅན། ལིས་ཧྲི་ཅང་། ཀྲང་ཝུན་ཧྲན་བཅས་ཚོགས་འདུར་ཞུགས་ཡོད། ལིས་པིང་དང་། དངོས་གྲུབ་ཟླ་བ། ཅྰ་ཤིན་ཡུས་ཀྱིས་སྤེལ་རེས་གཏམ་བཤད་བྱས་ཡོད།

ུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཏང་ཀྲུང་དབྱང་གིས་འདུ་ཤེས་འཛིན་སྟངས་ལས་དོན་ལ་སྔར་བས་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྐུ་ངོ་མས་ཇུས་འགོད་བཀོད་སྒྲིག་དང་སྐུ་ངོ་མས་མཛུབ་ཁྲིད་སྐུལ་འདེད་བཏང་སྟེ་འདུ་ཤེས་འཛིན་སྟངས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་མང་པོའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཁ་ཕྱོགས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་མང་པོར་བཀོད་སྒྲིག་གནང་བ་དེས་སྤྱི་ཚོགས་ཡོངས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེས་ཆེར་འཕེལ་བ་དང་། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལས་འགན་གསར་པ་འཁུར་རྗེས་བཅར་འདྲི་དང་བརྟག་ཞིབ་གནང་བའི་ལྗོངས་ཐད་གཏོགས་ཚན་པ་དང་པོ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིན་ཞིང་། ལོ་གཉིས་སོང་རྗེས་ད་ལོའི་ཟླ་2པར་དྲིལ་བསྒྲགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་རྗེས་ཟླ་5པའི་ཟླ་དཀྱིལ་དུ་ཆེད་མངགས་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་། དེའི་རིང་ད་དུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་མང་འཚོགས་ཏེ་ང་ཚོས་དུས་རབས་གསར་པའི་འདུ་ཤེས་འཛིན་སྟངས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ནུས་ལྡན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་འདུ་ཤེས་འཛིན་སྟངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འདུ་ཤེས་འཛིན་སྟངས་ལས་དོན་སྐོར་གྱི་ཞིབ་ཕྲའི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། ཡིད་ཆེས་བརྟན་གཏོང་། སྙིང་སྟོབས་ཆེར་སྐྱེད། ཉེན་ཁ་སྔོན་འགོག འགོག་སྲུང་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆབ་མདོའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་བསྟན།

ཀུང་ཧུའེ་ཚའེ་ཡིས་གཅིག་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་དགོས། གཉིས་ནས་གཙོ་རྒྱུན་གླེང་ཕྱོགས་སྟོབས་ཆེར་བཏང་ནས་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས། གསུམ་ནས་མཐའ་ཚད་ཀྱི་བསམ་བློ་བརྟན་པོར་འཛུགས་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འཐབ་རྩོད་ཀྱི་རང་འགུལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་པའི་ནན་བཤད་གནང་ཡོད།