ལོ་གཅིག་གི་བོད་སྐྱོར་དུས་ཚོད་ཡོལ་བས་ཁོང་ཚོ་ནང་སའི་མངགས་གཏོང་ཚན་པར་ལོག་དགོས་ཀྱི་ཡོད།
འོན་ཀྱང་ལོ་གཅིག་གི་དུས་ཡུན་ཧ་ཅང་ཐུང་ཞིང་། བསྒྲུབ་འདོད་པའི་བྱ་བ་མང་པོ་ཞིག་ད་དུང་བསྒྲུབ་ཚར་མེད། སྦྲུམ་མ་ཉེན་ཚབས་ཆེ་བའི་སྐྱོབ་བཅོས་ལྟེ་གནས་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་ཀྱིས་ད་དུང་ཁོང་ཚོས་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ས་གནས་དེ་གའི་སྨན་པར་བརྒྱུད་སྤྲོད་བྱས་ནས“བརྒྱུད་ཁྲིད་རོགས་གསུམ”གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་དགོས་ཀྱི་ཡོད་པ་རེད།
ཁྱིམ་ནས་ལོ་གཅིག་སོང་རྗེས་ལོ་ན་མཐོ་བའི་ཨ་མ་དང་མཐོ་རྒྱུགས་ལ་ཞུགས་པའི་ཕྲུ་གུ་བཅས་ཀྱིས་ཁྱེད་རང་ལོག་པར་རེ་སྒུག་བྱེད་ཀྱིན་ཡོད་མོད། མ་གཞི་བྱས་ན་མུ་མཐུད་བོད་སྐྱོར་བྱ་རྒྱུའི་རེ་ཞུ་བྱེད་ཆོག་པ་ཤེས་རྗེས་ཁོ་ཚོས་ཐུན་མོང་ཐོག་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རྩ་འཛུགས་ལ་མུ་མཐུད་བོད་སྐྱོར་ལོ་གཅིག་བྱ་རྒྱུའི་རེ་ཞུ་ཕུལ་ནས་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་མུ་མཐུད་གསོ་སྐྱོང་དང་གངས་ལྗོངས་ས་མཐོར་མུ་མཐུད་ཞབས་འདེགས་ཞུ་རྒྱུའི་གདམ་ག་བྱེད་ཀྱི་ཡོད། མཇུག་མཐར་ཁོ་ཚོའི་རེ་ཞུ་ལ་རྩ་འཛུགས་ཀྱི་ཆོག་མཆན་ཐོབ།
ད་ལོའི་ཟླ་7ཚེས་30ཉིན་ལྷོ་རོང་རྫོང་གིས་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་ཡི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས་བོད་སྐྱོར་སྨན་བཅོས་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་དང་འབྲེལ་བོད་སྐྱོར་སྨན་བཅོས་ཤེས་ལྡན་པར“སྔོན་ཐོན་མི་སྒེར”གྱི་ལག་ཁྱེར་སྤྲད་པ་དང་རྫོང་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་རྫོང་དཔོན་གཞོན་པ་དབྱང་ལིས་བོད་སྐྱོར་སྨན་བཅོས་རུ་མི་ཡོངས་བོད་དུ་ལོ་གཅིག་སྡོད་རྒྱུའི་གདམ་ག་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ལྷོ་རོང་རྫོང་མི་དམངས་སྨན་ཁང་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ཚན་པ་ཞིག་ཡིན་ཞིང་། ཆོན་ཀྲོའུ་ཡི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་འོག“གཞན་བརྟེན”དང“རང་བརྟེན”འབྲེལ་མཐུད་དང་“བརྒྱུད་ཁྲིད་རོགས་གསུམ”གྱི་ནུས་པ་བརྒྱུད་ལག་རྩལ་གསར་པ་དང་ལས་སྒོ་གསར་པ་རིམ་བཞིན་སྤེལ་ནས་སྨན་བཅོས་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་བཏང་བ་དང་། སྨན་བཅོས་མི་ཐེངས་མངོན་གསལ་དོད་པོས་མང་དུ་བཏང་བ། ནད་པར་བརྟག་དཔྱད་བྱེད་ཚད་དང་འཚམ་ཚད་དང་སྨན་བཅོས་ཐུབ་ཚད་སོགས་ཀྱི་དམིགས་ཚད་མཐོ་རུ་ཕྱིན་ནས་ལྷོ་རོང་རྫོང་དང་དེ་བཞིན་མཐའ་འཁོར་རྫོང་གི་ས་ཁོངས་ཀྱི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འཕྲོད་སྦྱོར་ལས་དོན་དང་ལུས་ཁམས་བདེ་སྲུང་གི་ལས་འགན་གཞི་རྩའི་ཆ་ནས་སྒྲུབ་ཐུབ།
ལོ་གཅིག་རིང་ལྷོ་རོང་རྫོང་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་ཚད་མི་ཐེངས་83286ཟིན་ནས་དུས་མཚུངས་ལས་20.44%འཕར་བ་དང་། སྨན་ཁང་དུ་སྡོད་ཚད་མི་ཐེངས་2649ཟིན་པ་དེ་དུས་མཚུངས་ལས་11.6%འཕར་བ། གཤག་བཅོས་ཐེངས་366བྱས་པ་དེ་དུས་མཚུངས་ལས་46.4%འཕར་བ། སྨན་བཅོས་འགན་བཅོལ་གྱི་བསྡོམས་རྩིས་རྒྱག་པའི་དངུལ་འབོར་སྒོར་ཁྲི་964.24ཟིན་པ་དེ་དུས་མཚུངས་ལས་15%འཕར་བ། སྦྲུམ་མ་ཤི་ཚད་གཅིག་ཀྱང་མེད།
བོད་སྐྱོར་སྨན་བཅོས་རུ་མིས་ཐོག་མཐའ་བར་གསུམ་དུ“ཚན་རིག་གི་བོད་སྐྱོར་དང་། བརྩེ་སེམས་ཀྱི་བོད་སྐྱོར། བོད་སྐྱོར་ལ་ལེགས་སྐྱེས་འབུལ་བ”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་སྐྱོར་དམ་བཅའ་ལག་བསྟར་བྱས་ཏེ་བོད་སྐྱོར་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་དང་། ལྷོ་རོང་རྫོང་ཨུད་དང་། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། དེ་བཞིན་རྫོང་དང་གྲོང་ཁྱེར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱི་ཁས་ལེན་ཐོབ་པ་མ་ཟད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་བཅོས་ཆབ་སྲིད་སིའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཡང་ཐོབ་པ་རེད།

