འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས1ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གྲོས་ཀྱིས་ཏང་ཙུའི་(རྒྱ་ཆེ)ཚོགས་འདུ་དང་གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཀྲུའུ་ཞི་ཚོགས་འདུ་ཐེངས་བཅུ་དགུ་པ་འཚོགས་པ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཚོགས་འདུའི་ཐོག《རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན》《གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན》《ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱིས“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ཧུར་ཐག་བྱེད་པ་དང་ཏང་གི་འཛུགས་སྐྱོང (གཞི་རིམ་རྩ་འཛུགས་འཛུགས་སྐྱོང)ཆེ་རུ་གཏོང་བའི་འགོ་ཁྲིདཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་དགོངས་དོན》《ཟླ7ཚེས29ཉིན་གྱི་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི (རྒྱ་ཆེ) ཚོགས་འདུའི་དགོངས་དོན》བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།《རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རན་ཧའེ་མིན་གྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞིར་ཞིབ་བཤེར་དང་བརྟག་དཔྱད་དང་ལེན་བྱ་རྒྱུའི་བརྡ་ཁྱབ》བརྒྱུད་བསྒྲགས་བྱས་པ།《གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་2023ལོའི་ལོ་སྟོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གནས་ཚུལ》སྙན་སེང་ལ་གསན་ཡོད།
ཚོགས་འདུའི་ཐོག《སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཇུས་གཞི》དང《སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་གྲ་སྒྲིག་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

