འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བརྒྱད་གཅིག་དམག་བཙུགས་དུས་ཆེན་འཆར་ཉེའི་མཚམས་ཀྱི་ཟླ་7ཚེས་31ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཡིས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་ཆབ་མདོའི་ཉིང་ལག་རུ་ཁག་བཅས་སུ་ཕེབས་ཏེ་འཚམས་འདྲི་གནང་བ་མ་ཟད། གྲོང་ཨུད་དང་གྲོང་ཁྱེར་དམངས་འཐུས། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་དང་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཚོའི་ཚབ་ཞུས་ནས་དུས་ཡུན་རིང་པོའི་ཚུན་དུ་བོད་ཤར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བའི་དཔུང་སྡེའི་དཔོན་དམག་ལ་དུས་ཆེན་གྱི་སྨོན་འདུན་དང་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།
ལའོ་ཆིན་འུའུ་ཡིས་དུས་ཡུན་རིང་པོའི་ཚུན་དུ་ཆབ་སྡོད་དཔུང་སྡེའི་དཔོན་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་དང་། དམག་ཨུད་ཀྲུའུ་ཞིའི་འགན་འཁྲི་ལམ་ལུགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་དང་། དམག་དཔུང་སྒྱུར་བཅོས། དམག་སྦྱོང་དམག་གྲབས་བཅས་ལ་དམ་འཛིན་བྱས་པས་དམག་དཔུང་གི་འཐབ་འཛིང་དང་། འཛུགས་སྐྱོང་། གྲ་སྒྲིག་སོགས་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་ཡོད། རྒྱ་ཆེའི་དཔོན་དམག་གིས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་བོད་ཤར་དུ་རྩ་བ་ཚུགས་པ་དང་། མི་དམངས་ལ་བརྩེ་སེམས་འཆང་བ། ལེགས་སྐྱེས་འབུལ་ཐུབ་པ་དང་། དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པ། འཕྲལ་སྡོམ་རོགས་སྐྱོབ། ཉེན་འགོག་གེགས་སེལ་བཅས་བྱེད་སྐབས་གདོང་མཆོང་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་“ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ”བཅས་ཀྱི་དམ་བཅའ་ལག་ལེན་དུ་བསྟར་ཡོད་ཞེས་བསྟན།

