འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས19ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆབ་མདོ་གྲོང་ཁྱེར་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཨུ་ལྷན་གྱི2023ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སྒྲིག་གཞི་སྤེལ་ཚུལ་གྱི་སྙན་སེང་ལ་གསན་པ། ཆབ་མདོའི་གྲོང་ཁུལ་གསར་པའི་འབྲེལ་ཡོད་ས་ཆའི་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་བཟོ་བཅོས་རྒྱག་རྒྱུར་ཞིབ་འཇུག་བྱས་ཏེ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་ཡོད་པ་རེད།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ལའོ་ཆིན་འུའུ་དང་། ཀྲང་ཅན་ཧ། ཅྰ་ཤིན་ཡུས། ལིག་ཝུན་ཏུ། སྒྲོལ་དཀར། ཀའོ་ཞུའེ་ཝུན། ཐོགས་མེད་ཤེས་རབ་བཅས་ཚོགས་འདུར་ཞུགས་ཡོད།
ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ལས་དོན་ལ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དེས་ང་ཚོས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ལ་བཀོད་སྒྲིག་དང་བླང་བྱ་རབ་དང་རིམ་པ་བཏོན་ནས་“འཆར་མང་གཅིག་སྒྲིལ”མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ལ་དམིགས་སའི་རང་བཞིན་དང་། སྤྱོད་འཐུས་རང་བཞིན། གཟབ་ནན་རང་བཞིན། དབང་གྲགས་རང་བཞིན་བཅས་ལྡན་པའི་འགན་ལེན་བྱས་ནས། ང་ཚོས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཡག་པོ་སྒྲུབ་པར་ལས་དོན་གྱི་གཙོ་གནད་ཁ་གསལ་བྱས་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་“གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་བརྩི་སྲུང་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་མཐོ་ཚད་ཐོག་འགྲེང་ནས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་མ་ལག་འཛུགས་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འཆར་འགོད་དོ་དམ་གྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་འཆར་འགོད་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས“འཆར་འགོད་སྔོན་ལ་ལག་བསྟར་བྱེད་པའི”འདུ་ཤེས་དེ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་དང་ལག་བསྟར་དོན་འཁྱོལ་ཐུབ་པ་བྱེད་དགོས་ཞེས་བསྟན།
ཀུང་ཧུའེ་ཚའེ་ཡིས་རིམ་པ་ཁག་དང་ཚན་པ་ཁག་གིས་རངའགུལ་ངང་འགན་འཁྲི་འཁུར་ནས་འཆར་འགོད་དོན་འཁྱོལ་བྱ་རྒྱུ་ཆད་ལུས་མེད་པར་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ཏང་གིས་འཆར་འགོད་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། གལ་ཆེའི་དོན་གནད་དུས་ཐོག་ཏུ་གྲོང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་རྒྱུ་དང་ཞིབ་འཇུག་ཐག་གཅོད་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་སྣ་ཚོགས་ལ་སྤྱི་འདོམས་བསམ་གཞིག་བྱས་ནས“འཆར་མང་གཅིག་སྒྲིལ”དངོས་འབྲེལ་ཐུབ་པ་བྱེད་དགོས་ལ། ཐབས་ཇུས་ལག་བསྟར་དང་ལྟ་སྐུལ་ཚོད་འཛིན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ལོ་རྒྱུས་ལ་འགན་འཁུར་བ་དང་གྲོང་ཁྱེར་ལ་འགན་འཁུར་བ། མི་དམངས་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་དུས་རབས་གསར་པའི་འཆར་འགོད་ལས་དོན་ཡག་པོ་བསྒྲུབས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་འདེགས་ཏན་ཏིག་ཞུ་དགོས་ཞེས་ནན་བཤད་གནང་ཡོད།