国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年07月21日

ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི(སྨར་ཁམས་ཚོགས་ར)འགོ་ཚུགས་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི(སྨར་ཁམས་ཚོགས་ར)འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།

འདི་ནི་རལ་པའི་ཞབས་བྲོ་འཁྲབ་པའི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས18ཉིན། ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི(སྨར་ཁམས་ཚོགས་ར)འགོ་ཚུགས་མཛད་སྒོ་སྨར་ཁམས་རྫོང་ལུས་རྩལ་ཐང་དུ་གཉེར་བ་རེད།

འགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་སྣ་མང་ཕུན་སུམ་ཚོགས་ཤིང་ལྟ་འདོད་ཉན་སྤྲོ་བ་ཞིག་ཡོད་ཅིང་། ཡུན་ནན་བདེ་ཆེན་རྫོང་དང་། སི་ཁྲོན་འབའ་ཐང་རྫོང་། ཆབ་མདོ་གྲོང་ཁྱེར་ཁམས་པའི་རིག་གནས་སྒྱུ་རྩལ་ཚོགས་པ། ཆབ་མདོ་གྲོང་ཁྱེར་གྱི་མང་ཚོགས་སྒྱུ་རྩལ་ཁང་བཅས་དང་། དེ་བཞིན་མཛོ་སྒང་རྫོང་དང་། རི་བོ་ཆེ་རྫོང་། བྲག་གཡབ་རྫོང་། སྨར་ཁམས་རྫོང་བཅས་ཀྱི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་རུ་ཁག་རེ་རེ་བཞིན་གར་སྟེགས་ཐོག་འཁྲབ་སྟོན་བྱས་ནས། གླུ་གཞས་དང་། ཞབས་བྲོ། ཟློས་གར་སོགས་སྒྱུ་རྩལ་མཚོན་ཐབས་དང་གར་སྟེགས་འཁྲབ་སྟོན་གྱི་རྣམ་པ་བརྒྱུད་ལྟད་མོ་བ་ཚོར་བརྗེད་དཀའ་བའི་མིག་ཡིད་རྣ་བའི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།

སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་དོན་རུ་ཁག་ཁག་བཅུ་པ་དང་། སྨར་ཁམས་རྫོང་མི་དམངས་སྲིད་གཞུང་། ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཁྲུང་ཆིང་གི་སྤྱི་ཚོགས་རྩ་འཛུགས་ཀྱིས་ཇུས་འགོད་དང་ལག་བསྟར་བྱེད་རོགས་བྱས་པའི་མང་ཚོགས་རང་བཞིན་གྱི་ལུས་རྩལ་རིག་གནས་རྟེན་འབྲེལ་བྱེད་སྒོ་ཆེ་གྲས་ཤིག་ཡིན་ཞིང་། དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ཀྱི་གྲས་ཤིག་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་ལག་ལེན་བསྟར་བའི་བྱ་སྤྱོད་དངོས་ཤིག་ཡིན་པ། དེ་ནི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་འགྲེམས་སྟོན་དང་། ས་གནས་གཉིས་པོའི་སྤྱི་ཚོགས་རྩ་འཛུགས་ཀྱིས་རོགས་སྐྱོར་མཉམ་ལས་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་སྐར་ཁུང་གལ་ཆེན་ཞིག་ཡིན་པ་མ་ཟད། ཁྲུང་ཆིང་དང་ཆབ་མདོ་ས་ཁུལ་གཉིས་ཀྱི་མི་དམངས་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ལུགས་མངོན་པ་དང་། སྨར་ཁམས་འདི་ཉིད“ཡུལ་སྐོར་གྲགས་ཅན་རྫོང”དུ་སྐྲུན་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྟེན་དང་ལས་སྟེགས་ཤིག་རེད་ལ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། ཐོན་ཁུངས་ཀྱི་རང་སྤུས་འོས་སྦྱོར། དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད། ཕན་ཚུན་ཤེས་རྟོགས་ཟབ་གཏོང་བཅས་ཀྱི་དངོས་སྒྲུབ་བྱ་ཐབས་ཤིག་ཀྱང་རེད།

འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་ཁྲུང་ཆིང་གྲོང་ཁྱེར་དམངས་སྲིད་ཅུས་དང་ཁྲུང་ཆིང་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས་ལ་བོད་སྐྱོར་རྣམ་གྲངས་ཞལ་འདེབས་བརྒྱབ་པ་དང་། “ཁྲུང་ཆིང་ཆབ་མདོའི་དམངས་སེམས་གཅིག་ཏུ་སྡུད། གནད་སྨིན་རོགས་སྐྱོར་ལས་ལ་ལྷག་པར་གཞོལ་བའི‘སྐྱོབ་བཅོས་ནམ་ཡང་ཉེ་འགྲམ་དུ་ཡོད་པའི’ཆེད་དོན་བྱ་སྤྱོད་དེ། 2023ལོའི་རེས་སྐོར་གཉིས་པའི‘རྐང་ལག་དབང་སྐྱོན་བྱིས་པའི་སྐྱོབ་བཅོས་བྱ་སྤྱོད’དང‘ཁྲུང་ཆིང་དང་བོད་ལྗོངས་བར་གྱི་བརྩེ་བ་ལྷག་པར་ཟབ། གཅེས་སེམས་ལ་བརྟེན་ནས་སྙིང་ནད་བྱིས་པ་སྐྱོབ་བཅོས་བྱེད’པའི་སྐྱོབ་བཅོས་རྣམ་གྲངས”སྤེལ་འགོ་ཚུགས་པ་དང་། ཁྲུང་ཆིང་གྲོང་ཁྱེར་དོ་དམ་ལས་རིགས་སློབ་གླིང་དང་ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས་བར་དམངས་སྲིད་བྱ་གཞག་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ཡི་གེ་བཞག་པ། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིང་ཀུའེ་སོགས་ཀྱིས་སློབ་གླིང་དང་། སྤྱི་ཚོགས་རྩ་འཛུགས། གཅེས་སེམས་ཁེ་ལས་བཅས་ཀྱི་འཐུས་མི19ལ་བོད་སྐྱོར་གཅེས་སེམས་ཀྱི་གཟི་བརྗིད་སྒོ་བྱང་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“སྨར་ཁམས་དང་འཕྲད་པ”ཞེས་པ་དེ་ཡིན་པ་དང་། བྱེད་སྒོ་སྤེལ་བའི་དུས་ཚོད་ནི་ཟླ7པའི་ཚེས18ནས་ཟླ9པའི་ཚེས18ཉིན་བར་ཡིན་ཞིང་། དེའི་ནང་ཚོང་འགུགས་མ་འདྲེན་འོས་སྦྱོར་འདུ་ཚོགས་དང་། ཚོང་དོན་འགྲེམས་ཚོགས། གཞས་པའི་འགྲན་བསྡུར་ཆེན་མོ། པར་རྒྱག་འགྲན་བསྡུར། གར་སྟེགས་འགྲན་བསྡུར། རྟ་ཕོའི་སྐོར་སྐྱོད་འགྲན་བསྡུར། རྟ་རྒྱུག་དུས་ཆེན། གྲོང་ཁྱེར་སྐོར་བའི་རྒྱུག་ཤར་འགྲན་བསྡུར། ལུས་རྩལ་འགྲན་བསྡུར་སོགས་ཚུད་ཡོད།