2022ལོའི་ཟླ་12ཚེས་31ཉིན་བར། ལྗོངས་ཡོངས་ཀྱི་ཏང་ཡོན་བསྡོམས་འབོར་ཁྲི་44.61ཟིན་པ་དེ་2021ལོའི་ལོ་མཇུག་དང་བསྡུར་ན་ཁྲི་1.24འཕར་བ་དང་འཕར་ཚད་2.86%ཟིན་ཡོད།
ལྗོངས་ཡོངས་སུ་ད་ཡོད་ཏང་གི་གཞི་རིམ་རྩ་འཛུགས་ཁྲི་2.30ཟིན་ཞིང་། དེའི་ནང་གཞི་རིམ་ཏང་ཨུད་ཁྲི་0.16དང་། སྤྱི་ཁྱབ་ཀྲི་པུའུ་ཁྲི་0.10 ཀྲི་པུའུ་ཁྲི་2.04བཅས་ཡོད།
གཅིག ཏང་ཡོན་དཔུང་ཁག་གི་གནས་ཚུལ།
ཏང་ཡོན་གྱི་ཕོ་མོ་དང་། མི་རིགས། སློབ་རྒྱུས་བཅས་ཀྱི་སྐོར། བུད་མེད་ཏང་ཡོན་ཁྲི་13.70ཟིན་པ་དེས་30.71%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་35.71ཟིན་པ་དེས་80.05%བཟུང་ཡོད། ཆེད་ཚན་དང་དེ་བཞིན་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་18.55ཟིན་པ་དེས་41.58%བཟུང་ཡོད།
ཏང་ཡོན་གྱི་ལོ་ཚོད་སྐོར། ལོ་30དང་དེའི་མན་གྱི་ཏང་ཡོན་ཁྲི་13.45དང་། ལོ་31ནས་35བར་གྱི་ཏང་ཡོན་ཁྲི་8.60 ལོ་36ནས་40བར་གྱི་ཏང་ཡོན་ཁྲི་6.26 ལོ་41ནས་45བར་གྱི་ཏང་ཡོན་ཁྲི་4.27 ལོ་46ནས་50བར་གྱི་ཏང་ཡོན་ཁྲི་3.75 ལོ་51ནས་55བར་གྱི་ཏང་ཡོན་ཁྲི་2.79 ལོ་56ནས་60བར་གྱི་ཏང་ཡོན་ཁྲི་2.05 ལོ་61དང་དེ་ཡན་གྱི་ཏང་ཡོན་ཁྲི་3.44བཅས་ཡོད།
ཏང་ནང་དུ་ཞུགས་པའི་དུས་ཚོད་ཀྱི་སྐོར། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ནང་ཞུགས་པའི་མི་1དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གོང་ཏང་ནང་ཞུགས་པའི་མི་གྲངས་ཁྲི་2.03 ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་གོང་ཏང་ནང་ཞུགས་པའི་མི་གྲངས་ཁྲི་23.35 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ནང་ཞུགས་པའི་མི་གྲངས་ཁྲི་19.24བཅས་ཟིན་གྱི་ཡོད།
ཏང་ཡོན་གྱི་ལས་རིགས་སྐོར། བཟོ་པ(ལས་བཟོ་རྩལ་ནུས་མི་སྣ)ཁྲི་1.62དང་། ཞིང་འབྲོག་པ་ཁྲི་20.66 ཁེ་ལས་དང་། བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་6.06 ཁེ་ལས་དང་། བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་དོ་དམ་མི་སྣ་ཁྲི་1.85 ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲི་9.46 སློབ་མ་ཁྲི་0.36 ལས་རིགས་གཞན་དག་གི་མི་སྣ་ཁྲི་1.24 ལས་འཁྱུར་དང་ལས་བྲལ་ངལ་གསོ་རྒྱག་མཁན་ཁྲི་3.36བཅས་ཡོད།
གཉིས། ཏང་ཡོན་འཕེལ་རྒྱས་ཀྱི་གནས་ཚུལ།
2022ལོར་བསྡོམས་ཏང་ཡོན་ཁྲི་1.68འཕེལ་རྒྱས་བཏང་ཡོད།
གསར་དུ་ཏང་ནང་ཞུགས་མཁན་ཕོ་མོ་དང་། མི་རིགས། ལོ་ཚད། སློབ་རྒྱུས་བཅས་ཀྱི་སྐོར། བུད་མེད་ཏང་ཡོན་ཁྲི་0.74འཕེལ་རྒྱས་བཏང་བ་དེས་44.05%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་1.22འཕེལ་རྒྱས་བཏང་བ་དེས་72.62%བཟུང་ཡོད། ལོ་35དང་དེ་མན་གྱི་ཏང་ཡོན་ཁྲི་1.43འཕེལ་རྒྱས་བཏང་བ་དེས་85.12%བཟུང་ཡོད། ཆེད་ཚན་དང་དེ་བཞིན་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་0.94འཕེལ་རྒྱས་བཏང་བ་དེས་55.95%བཟུང་ཡོད།
གསར་དུ་ཏང་ནང་ཞུགས་མཁན་གྱི་ལས་རིགས་ཀྱི་སྐོར། བཟོ་པ(ལས་བཟོ་རྩལ་ནུས་མི་སྣ)ཁྲི་0.10དང་། ཞིང་འབྲོག་པ་ཁྲི་0.47 ཁེ་ལས་དང་། བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་0.37 ཁེ་ལས་དང་། བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་དོ་དམ་མི་སྣ་ཁྲི་0.12 ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲི་0.26 སློབ་མ་ཁྲི་0.19 ལས་རིགས་གཞན་དག་གི་མི་སྣ་ཁྲི་0.18བཅས་ཟིན་ཡོད། ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོར་ཏང་ཡོན་ཁྲི་1.48འཕེལ་རྒྱས་བཏང་ཡོད།
གསུམ། ཏང་ནང་ཁུལ་གྱི་གཟེངས་བསྟོད་གནས་ཚུལ།
2022ལོར་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཁྱོན་ཕུལ་བྱུང་གུང་ཁྲན་ཏང་ཡོན་4796དང་། ཕུལ་བྱུང་ཏང་དོན་ལས་དོན་པ་1787 སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་796བཅས་ལ་གཟེངས་བསྟོད་བྱས་པ་རེད། “གཟི་བརྗིད་ལྡན་པའི་ཏང་ཞུགས་ལོ་50”ཡི་དྲན་གསོའི་རྟགས་མ་སྤྲོད་པའི་ལས་དོན་རྒྱུན་རྣམ་ཅན་དུ་གྱུར་ནས་ལོ་ཧྲིལ་པོར་རྟགས་མ་1552སྤྲད་པ་རེད།
བཞི། ཏང་ནང་ཞུགས་པའི་རེ་འདུན་ཞུ་ཚུལ།
2022ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་ཏང་ནང་ཞུགས་པའི་རེ་འདུན་ཞུ་མཁན་ཁྲི་4.29དང་ཏང་ཞུགས་ཧུར་བརྩོན་ཅན་ཁྲི་3.13ཡོད།
ལྔ། ཏང་རྩ་འཛུགས་ཀྱི་གནས་ཚུལ།
ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་སྐོར། ལྗོངས་ཡོངས་སུ་ཁྱོན་ཏང་གི་རིམ་ཁག་ས་གནས་ཨུ་ཡོན་ལྷན་ཁང་81ཡོད། དེའི་ནང་རང་སྐྱོང་ལྗོངས་ཏང་ཨུད་1དང་། གྲོང་ཨུད་6 རྫོང(ཆུས)ཨུད་74བཅས་ཡོད།
གྲོང་ཁྱེར་ཁྲོམ་གཞུང་དང་། ཤང་གྲོང་། སྡེ་ཁུལ(གྲོང་ལྷན) སྲིད་འཛིན་གྲོང་ཚོའི་ཏང་རྩ་འཛུགས་བཅས་ཀྱི་སྐོར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཁྲོམ་གཞུང་23དང་། ཤང་གྲོང་676 སྡེ་ཁུལ(གྲོང་ལྷན)264 སྲིད་འཛིན་གྲོང་ཚོ་5282བཅས་སུ་ཏང་རྩ་འཛུགས་བཙུགས་ནས་ཁྱབ་ཚད་100%ཟིན་ཡོད།
ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ཏང་རྩ་འཛུགས་ཀྱི་སྐོར། ལྗོངས་ཡོངས་སུ་ཁྱོན་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.73དང་། བྱ་གཞག་ཚན་པའི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.28 ཁེ་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.22 སྤྱི་ཚོགས་རྩ་འཛུགས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.04བཅས་ཡོད་པ་དང་ཏང་རྩ་འཛུགས་འཛུགས་དགོས་རིགས་ཚང་མར་གཞི་རྩའི་ཆར་བཙུགས་ཡོད།
(ཟུར་མཆན། སྤྱི་བསྒྲགས་འདིའི་བསྡོམས་གྲངས་ཁག་གཅིག་གམ་ཡང་ན་བལྟོས་བཅས་ཀྱི་གྲངས་ཀ་རྩིས་གཞི་མི་འདྲ་བའི་དབང་གིས་བྱུང་བའི་རྩིས་རྒྱག་གི་ནོར་ཆད་ཚང་མར་འཕྲུལ་ཆས་ཀྱིས་ལེགས་སྒྲིག་བྱས་མེད)