འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར།བྲག་གཡབ་རྫོང་གིས་རིམས་འགོག་ཆེད་སྤྱོད་འཁྱགས་སྒམ་དང་ཕྱུགས་ནད་སྨན་བཅོས་ཀྱི་སྨན་རྫས་སྣ་ཚོགས་སྤྲོད་པའི་མཛད་སྒོ་འཚོགས་ཡོད། ཤང(གྲོང་རྡལ)ཁག་གི་ཞིང་འབྲོག་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་དང་།གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་མི་སྣ་ཁྱོན163ཞུགས་ཡོད་པ་རེད། མཛད་སྒོའི་ཐོགརྫོང་ཞིང་འབྲོག་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་མི་སྣས་གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་མི་སྣར་འབྲི་གཡག་གི་དཔལ་འབྱོར་རྒྱུད་འདྲེས་སྡེབ་སྦྱོར་ལག་རྩལ་གྱི་གཙོ་གནད་དང་།དེ་བཞིན་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པའི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཛད་སྒོ་ཐོག་ཁྱོན་འཁྱགས་སྒམ་151དང་ནད་བཅོས་སྨན་རྫས་སྒམ200སྤྲད་ཡོད་པ་རེད།