国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年07月18日

2023གོ་འཇོ་རྫོང་ཨ་དབང་ལུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2023ལོའི་གོ་འཇོ་རྫོང་ཨ་དབང་ལུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་ཚེས་15ཉིན་ཨ་དབང་རྩྭ་ཐང་དུ་དངོས་སུ་འགོ་ཚུགས་པ་དང་། ཡུལ་སྐོར་བ་15000ལྷག་ཙམ་ཞུགས་ཡོད། འགོ་ཚུགས་མཛད་སྒོའི་ཐོག་རྐྱང་གཞས་དང་ གླུ་གཞས། བྱིས་པའི་ཞབས་བྲོ། རྣམ་པ་འཁྲབ་སྟོན་བཅས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་དང་དེ་བཞིན་ཕ་ཡུལ་ལ་བཅངས་པའི་སྨོན་འདུན་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་། གོ་འཇོའི་ཡུལ་སྲོལ་གོམས་གཤིས་དང་ཁམས་པའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མཚོན་པར་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་གོ་འཇོ་རྫོང་ཨ་དབང་ལུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་གྱིས“སྤྲོ་ཞིང་སྤྲོ་བའི་ཁམས་པ། ངོ་མཚར་ཆེ་བའི་གོ་འཇོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་འགྲེམས་སྟོན་དང་། སྤེལ་རེས། མཉམ་ལས། ཚོང་དོན་བཅས་གཞི་གཅིག་ཏུ་བསྡུས་ནས་སྐོར་བྲོ་འཁྲབ་པ་དང་། ལུས་རྩལ་རོལ་རྩེད། འགྲེམས་ཚོགས། ཚོང་འགུགས་མ་འདྲེན་སྐུལ་འདེད་ཚོགས་འདུ། གོ་འཇོ་རྫོང་རིག་གནས་ཡུལ་སྐོར་དང་ཨ་དབང་ལུག་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གླེང་སྟེགས། ཐང་ག་མཉམ་འགྲེམས་སོགས་ཀྱི་བྱེད་སྒོ་ཉིན་གསུམ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་རེད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2023ལོའི་གོ་འཇོ་རྫོང་ཨ་དབང་ལུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་ཚེས་15ཉིན་ཨ་དབང་རྩྭ་ཐང་དུ་དངོས་སུ་འགོ་ཚུགས་པ་དང་། ཡུལ་སྐོར་བ་15000ལྷག་ཙམ་ཞུགས་ཡོད།

འགོ་ཚུགས་མཛད་སྒོའི་ཐོག་རྐྱང་གཞས་དང་ གླུ་གཞས། བྱིས་པའི་ཞབས་བྲོ། རྣམ་པ་འཁྲབ་སྟོན་བཅས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་དང་དེ་བཞིན་ཕ་ཡུལ་ལ་བཅངས་པའི་སྨོན་འདུན་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་། གོ་འཇོའི་ཡུལ་སྲོལ་གོམས་གཤིས་དང་ཁམས་པའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མཚོན་པར་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་གོ་འཇོ་རྫོང་ཨ་དབང་ལུག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་གྱིས“སྤྲོ་ཞིང་སྤྲོ་བའི་ཁམས་པ། ངོ་མཚར་ཆེ་བའི་གོ་འཇོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་འགྲེམས་སྟོན་དང་། སྤེལ་རེས། མཉམ་ལས། ཚོང་དོན་བཅས་གཞི་གཅིག་ཏུ་བསྡུས་ནས་སྐོར་བྲོ་འཁྲབ་པ་དང་། ལུས་རྩལ་རོལ་རྩེད། འགྲེམས་ཚོགས། ཚོང་འགུགས་མ་འདྲེན་སྐུལ་འདེད་ཚོགས་འདུ། གོ་འཇོ་རྫོང་རིག་གནས་ཡུལ་སྐོར་དང་ཨ་དབང་ལུག་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གླེང་སྟེགས། ཐང་ག་མཉམ་འགྲེམས་སོགས་ཀྱི་བྱེད་སྒོ་ཉིན་གསུམ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་རེད།