国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年07月04日

ངེད་གྲོང་ཁྱེར་གྱིས“རླབས་ཆེན་ཏང་འཛུགས་སྙིང་སྟོབས་རྒྱུན་འཛིན་བྱེད།ལས་བྱེད་པའི་ལས་གཏོད་གསོན་ཤུགས་འཕེལ།”ཞེས་པའི་གཏམ་བཤད་འགྲན་སྡུར་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་30ཉིན་གྱི་ཕྱི་དྲོ། གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། གྲོང་ཨུད་ལས་བྱེད་རྒན་གྲས་ཅུས། གྲོང་ཨུད་ཏང་གི་སློབ་གྲྭ་སོགས་ཀྱིས་གཉེར་བའི“རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་རྒྱུན་འཛིན་བྱེད། ལས་བྱེད་པའི་ལས་གཏོད་གསོན་ཤུགས་འཕེལ”ཞེས་པའི་གཏམ་བཤད་འགྲན་སྡུར་གཉེར།

འགྲན་བསྡུར་ནང་ཞུགས་མཁན་གྱིས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་རང་ཉིད་ཀྱི་ལས་ཀའི་འགན་འཁྲི་དང་དོན་དངོས་ཀྱི་ལས་ཀའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཉེ་འགྲམ་དུ་ཐོན་པའི་གནས་ཚུལ་དངོས་བརྗོད་པ་དང་ལས་ཀའི་ཁྲོད་ཀྱི་རང་ཉིད་ཀྱི་མྱོང་ཚོར་གླེང་ནས་རྒྱ་ཆེའི་གཞོན་ནུ་ལས་བྱེད་པ་དང་ལས་བཟོ་ཚོས་དུས་རབས་གསར་པར་ཧུར་བརྩོན་ཡར་སྐྱེད་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་པ་རེད།