国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年07月04日

ངེད་གྲོང་ཁྱེར་གྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་3ཉིན་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པའི“ཆབ་མདོའི་དྲ་དམངས་ཀྱིས་བོད་ཤར་གྱི་དར་སྲོལ་གསར་པ་ཐུན་མོང་ཐོག་གཏོད་དགོས”ཞེས་པ་བརྗོད་དོན་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་ཇ་རྟ་ཐང་ཆེན་དུ་འཚོགས་པ་རེད།

བྱེད་སྒོའི་ཐོག་ཁམས་པའི་རིག་གནས་སྒྱུ་རྩལ་ཚོགས་པ་དང་། གྲོང་ཨུད་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་། མང་ཚོགས་སྒྱུ་རྩལ་ཁང་བཅས་ཀྱིས《ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ》《ཕ་ཡུལ་ཆབ་མདོ》《འཛོམས་པ་ཡག་མོ》《ཟླ་འོད་འོག་གི་ཕོ་བྲང་པོ་ཏ་ལ》སོགས་ལེ་ཚན་12འཁྲབ་སྟོན་ཡོད།

ཚོགས་འདུའི་ཐོག་2022ལོའི“ཆབ་མདོ་གྲོང་ཁྱེར་གྱི་དྲ་དམངས་བཟང་པོའི”བྱས་རྗེས་དང“ཆབ་མདོའི་མཐོང་རྒྱ་གསར་པའི”ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་དང་། “ཆབ་མདོ་གྲོང་ཁྱེར་གྱི་དྲ་དམངས་བཟང་པོ”དང“ཆབ་མདོའི་མཐོང་རྒྱ་གསར་པའི”ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་ཐོབ་པའི་འཐུས་མིར་གཟེངས་བསྟོད། “ཆབ་མདོ་གྲོང་ཁྱེར་གྱི་དྲ་དམངས་བཟང་པོ”དང“ཆབ་མདོའི་མཐོང་རྒྱ་གསར་པའི”བྱ་དགའ་ཐོབ་པའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་ཡོད།